རྨང་གཞི་སྒྲིག་ཆས་དངུལ་གཏོང་གི་མྱུར་ཚད་མགྱོགས་པོས་གསར་དར་ཐོན་ལས་དངུལ་གཏོང་ལ་གསོན་ཤུགས་བསྩལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་སུ། ཞིང་ཆེན་ཡོངས་ཀྱིས་མུ་མཐུད་དུ་དངུལ་གཏོང་གི་གཞི་ཁྱོན་ཆེ་རུ་གཏོང་བ་དང་། དངུལ་གཏོང་སྒྲིག་གཞི་ཇེ་ལེགས་སུ་བཏང་ནས།རྨང་གཞིའི་སྒྲིག་ཆས་དངུལ་གཏོང་གི་མྱུར་ཚད་མགྱོགས་སུ་བཏང་ཞིང་།གསར་དར་ཐོན་ལས་དངུལ་གཏོང་ལ་གསོན་ཤུགས་བསྩལ་ཅིང་།དངུལ་གཏོང་གིས་དཔལ་འབྱོར་འཕར་བསྣོན་ལ་གཞོགས་འདེགས་ཀྱི་བྱེད་ནུས་གལ་ཆེན་ཐོན་པ་མ་ཟད། དཔལ་འབྱོར་རིམ་བཞིན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་སྐབས་སུ་བསྒྱུར། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྔོན་གྱི་ལོ་ངོ་བཞིའི་རིང་། ཞིང་ཆེན་ཡོངས་ཀྱི་བརྟན་འཇགས་དངུལ་གཏོང་ལོ་རེར་བརྒྱ་ཆའི8.3འཕར།

ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྔོན་གྱི་ལོ་ངོ་བཞིའི་རིང་། ཞིང་ཆེན་ཡོངས་ཀྱི་བརྟན་འཇགས་དངུལ་གཏོང་ཁྲོད། བཟོ་ལས་ཀྱི་དགེ་མཚན་ལྡན་པའི་ཐོན་ལས་བསྡོམས་རྩིས་བྱས་ན་བརྒྱ་ཆའི་38.3འཕར་བ་དང་། ལོ་རེར་ཆ་སྙོམས་ཀྱི་བརྒྱ་ཆའི8.4འཕར་ཞིང་།དེའི་ཁྲོད།ནུས་ཁུངས་གསར་པ་དང་།རྒྱུ་ཆ་གསར་པ། སྐྱེ་དངོས་ཐོན་ལས་དངུལ་གཏོང་ལོ་རེར་ཆ་སྙོམས་ཀྱི་བརྒྱ་ཆའི14.8དང་། བརྒྱ་ཆའི12.9དང་།བརྒྱ་ཆའི10.5འཕར། 2018ལོ་དང2019ལོར། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དངུལ་གཏོང་སོ་སོར་བརྒྱ་ཆའི9.7དང་། བརྒྱ་ཆའི26འཕར་བ་དང་།མཐོ་རིམ་ལག་རྩལ་ལས་སྣོན་ལས་རིགས་ཀྱི་དངུལ་གཏོང་སོ་སོར་བརྒྱ་ཆའི6.7དང་།བརྒྱ་ཆའི15འཕར་ཞིང་།མཐོ་རིམ་ལག་རྩལ་ཞབས་ཞུ་ལས་རིགས་ཀྱི་དངུལ་གཏོང་སོ་སོར་བརྒྱ་ཆའི13.9དང་།བརྒྱ་ཆའི16.1འཕར།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།