ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས19ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ཁྲག་བཟོའི་ཕྲ་ཕུང་ཞལ་འདེབས་སུ་ཕུལ་བའི་དང་བླངས་པ་ཨན་ལི་ལི་ཡིས་ཟླ11པའི་ཚེས9ཉིན་ཁྲག་བཟོའི་ཕྲ་ཕུང་ལེགས་འགྲུབ་ངང་ཞལ་འདེབས་སུ་ཕུལ། ཀྲུང་གོའི་ཁྲག་བཟོའི་ཕྲ་ཕུང་ཞལ་འདེབས་ཕུལ་བའི་རྒྱུ་ཆའི་མཛོད་ཁང་གི་ཨང10421པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཨང40པའི་ཁྲག་བཟོའི་ཕྲ་ཕུང་ཞལ་འདེབས་པའི་དང་བླངས་པ་རུ་གྱུར་པ་རེད།
མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ལས་བཟོ་པས་ངོ་སྤྲོད་བྱས་པ་ལྟར་ན། ཨན་ལི་ལི་ནི་མཚོ་སྔོན་སློབ་ཆེན་ཁུ་ནུའི་སློབ་གླིང་གི་རྫས་འགྱུར་བཟོ་སྐྲུན་དང་བཟོ་རྩལ་ཆེད་ལས་གྱི་སློབ་མ་ཡིན་པ་དང་། 2018ལོར་ཐོ་འགོད་བྱས་ཏེ། ཀྲུང་གོའི་ཁྲག་བཟོའི་ཁྲ་ཕུང་མཚོ་སྔོན་ཞིང་ཆེན་ཡན་ལག་མཛོད་ཁང་གི་དང་བླངས་པར་གྱུར་པ་རེད། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
མཚོ་སྔོན་ཞིང་ཆེན་གྱི་ཁྲག་བཟོའི་ཕྲ་ཕུང་གི་ཞལ་འདེབས་འབུལ་བའི་དང་བླངས་པ40ལས་བརྒལ་བ།