ཧི་ནན་རྫོང་གིས་ཕུལ་བྱུང་ཤེས་ལྡན་མི་སྣ་སོ་དགུ་སྡེ་བའི་ཏང་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས་ཀྱི་དོ་དམ་མི་སྣར་གདན་ཞུ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གིས་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་མ་ལག་འཛུགས་སྐྲུན་བྱེད་པའི་ལོ་གསུམ་འགུལ་སྐྱོད་དང་སྤུས་ཚད་མཐོན་པོས་ཞིང་སྡེ་དར་སྤེལ་གཏོང་བའི་བཟོ་སྐྲུན་ལ་དམིགས་ནས། མཐོ་རིམ་སློབ་གྲྭ་ནས་མཐར་ཕྱིན་པའི་སློབ་མ་ཉིས་བརྒྱའི་ཁྲོད་ཕུལ་བྱུང་ཤེས་ལྡན་མི་སྣ་སོ་དགུ་གདན་ཞུ་བྱས་ནས་རྫོང་ཡོངས་ཀྱི་སྡེ་བ་སོ་སོའི་ཏང་དང་མང་ཚོགས་ཞབས་ཞུ་ལྟེ་གནས་ཀྱི་དོ་དམ་མི་སྣར་བསྐོས་ཏེ་སྡེ་སྡོད་ཞབས་ཞུ་སྤེལ།

ཧི་ནན་རྫོང་ཏང་དང་མང་ཚོགས་ཞབས་ཞུ་ལྟེ་གནས་ཀྱི་དོ་དམ་མི་སྣ་གདན་ཞུ་བྱེད་པའི་གོ་རིམ་ཁྲོད། ཏང་དང་མང་ཚོགས་ཞབས་ཞུ་ལྟེ་གནས་ཀྱི་དོ་དམ་མི་སྣའི་དོ་དམ་བྱེད་ཐབས་སོགས་ཆ་སྡེབ་ཡིག་ཆ་གཏན་འབེབས་བྱས་པ་དང་། ཟླ་གཅིག་ལ་བརྗེ་རེས་ཐེངས་གཅིག་བྱེད་པ་དང་དུས་ཚིགས་གཅིག་ལ་གསོ་སྦྱོང་ཐེངས་གཅིག་སྤེལ་བ། ལོ་གཅིག་ལ་དཔྱད་ཞིབ་ཐེངས་གཅིག་བྱེད་པའི་རྐྱེན་སྲོལ་ལག་བསྟར་བྱས་ནས། བྱ་དགའ་དང་ཆད་གཅོད་ཀྱི་དབྱེ་བ་གསལ་བའི་འགུལ་རྣམ་ལྟ་སྐུལ་དོ་དམ་མ་ལག་གྲུབ་པར་བྱས། གདན་ཞུ་བྱས་པའི་ཏང་དང་མང་ཚོགས་ཞབས་ཞུ་ལྟེ་གནས་ཀྱི་དོ་དམ་མི་སྣར་དུས་བཀག་ལྟར་གཅིག་བསྡུས་གསོ་སྦྱོང་སྤེལ་བ་དང་། དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་བརྒྱུད་དེ། སློབ་ཁྲིད་བཀོད་སྒྲིག་ལེགས་བསྒྱུར་བྱས་པ་དང་ཆབ་སྲིད་ཀྱི་སློབ་གསོ་འབུར་དུ་ཐོན་པར་བྱས་ལ། གཅིག་བསྡུས་གསོ་སྦྱོང་གི་གྲུབ་འབྲས་མཐོར་འདེགས་བཏང་། དོ་དམ་མི་སྣས་ཏང་དང་མང་ཚོགས་ཞབས་ཞུ་ལྟེ་གནས་ཀྱི་ཞབས་ཞུ་བྱ་བར་རྒྱབ་རྟེན་ནས། སྒེའུ་ཁུང་གཅིག་དང་ས་ཚིགས་གཅིག་རང་བཞིན་གྱི་ཞབས་ཞུའི་རྣམ་པ་སྤྱད་དེ། མང་ཚོགས་ལ་སྡེ་བའི་ཕྱི་རུ་སྐྱོད་མི་དགོས་པའི་སྟབས་བདེ་ཞབས་ཞུ་འདོན་སྤྲོད་བྱས།

མང་ཚོགས་ལ་ཞབས་འདེགས་བསྒྲུབ་པའི་ཆེས་མཐའ་མཇུག་གི་སྤྱི་ལེ་གཅིག་གི་གནས་ཚུལ་ཐག་གཅོད་ཆེད། ཧི་ནན་རྫོང་གིས་དོ་དམ་མི་སྣས་སྤྲོ་སེམས་ཆེན་པོས་སྣེ་ལེན་བྱེད་པ་དང་སེམས་ཞིབ་མོས་ཉན་པ། སུན་པ་མེད་པའི་སྒོ་ནས་ལན་འདེབ་པ། སེམས་ཤུགས་ཡོད་ཚད་ཀྱིས་ཞབས་འདེགས་ཞུ་བ། བྱ་བ་བཟང་བོར་བསྒྲུབ་ནས། མི་དམངས་ལ་ཞབས་འདེགས་ཞུ་བའི་ཕན་འབྲས་ཇེ་དྲག་ཏུ་གཏོང་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།