2021ལོའི་ཞིང་ཆེན་ཡོངས་ཀྱི་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་འགྲེམ་སྤེལ་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་སྦྲགས་སྲིད་དོ་དམ་ཅུའུ། ཞིང་ཆེན་སྦྲགས་སྲིད་ཀུང་ཟི་བཅས་དང་མཉམ་དུ2021ལོའི་ཞིང་ཆེན་ཡོངས་ཀྱི་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་འགྲེམ་སྤེལ་བྱ་བའི་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་ཀྲུང་དབྱང་གི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། 2021ལོའི་ཀྲུང་དབྱང་དང་རང་ཞིང་གི་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་འགྲེམ་སྤེལ་བྱ་བ་བཀོད་སྒྲིག་བྱས་ལ། 2020ལོའི་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་འགྲེམ་སྤེལ་བྱ་བར་སྤྱི་སྡོམ་བྱས་པ་མ་ཟད་གྲུབ་འབྲས་འབུར་ཐོན་ཡིན་པའི་སྡེ་ཁག་ལ་གཟེངས་བསྟོད་བྱས་པ་དང་། ཀྲུང་དབྱང་དང་རང་ཞིང་གི་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་ཀྱི་འཐུས་ཚབ་མི་སྣས་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། ཏང་གི་ཚགས་པར་དང་ཏང་གི་དུས་དེབ་འགྲེམ་སྤེལ་བྱ་བའི་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་བ་གཙོ་བོ་དང་མཚོ་སྔོན་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་མཐོ་ཚད་ལ་དམིགས་ནས་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་འགྲེམ་སྤེལ་བྱ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་བྱེད་པ། མི་དམངས་ཉིན་རེའི་ཚགས་པར་དང་བདེན་འཚོལ་དུས་དེབ། ཉི་ཟེར་ཉིན་རེའི་ཚགས་པར། དཔལ་འབྱོར་ཉིན་རེའི་ཚགས་པར། མཚོ་སྔོན་ཉིན་རེའི་ཚགས་པར། མཚོ་སྔོན་གྱི་ཏང་གི་འཚོ་བ་སོགས་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་གལ་ཆེན་གྱི་འགྲེམ་སྤེལ་བྱ་བ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས་དམ་འཛིན་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།