ཝང་ཅན་ཅུན་གྱིས་མཚོ་ནུབ་ཁུལ་དུ་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ལ་མཛུབ་སྟོན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉི་ཤུ་ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་མཚོ་ནུབ་ཁུལ་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། སོ་སོར་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚན་ཁག་དང་།ཚྭ་འདམ་གཞོང་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟ་ཁུལ་ཏང་ཨུའི་བྱ་བའི་ཨུ་ཡོན་ལྷན་ཁང་ཚན་ཁག ཁུལ་སྲིད་གཞུང་གི་ཏང་ཙུའུ་བཅས་དང་མཉམ་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཡང་བསྐྱར་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁག་གི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་གནས་ཚུལ་ཁྱབ་བསྒྲགས་བྱས་ལ། ཁུལ་རིམ་པའི་ཕྱོགས་ངོས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པ་དང་། མུ་རི་གཏེར་ཁུལ་གྱི་ཁྲིམས་འགལ་སྔོག་འདོན་གནད་དོན་གྱི་བསླབ་བྱ་བསྡུ་ལེན་བྱས་ནས། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བཟང་བོ་བསྡུ་བར་མཛུབ་སྟོན་བྱས་པར་མ་ཟད། བྱ་བར་རྟོག་ཞིབ་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། མཚོ་ནུབ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དབྱིན་པད་དང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་རྟོག་ཞིབ་ལ་ཞུགས།

ཝང་ཅན་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གྱིས་ང་ཚོས་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བཟང་བོ་བསྡུ་བའི་ཐད་ཁ་ཕྱོགས་གསལ་བོ་བསྟན་པ་དང་གཞི་འཛིན་ས་འདོན་སྤྲོད་བྱས། མུ་རུ་གཏེར་ཁུལ་གྱི་རྡོ་སོལ་ཁྲིམས་འགལ་སྔོག་འདོན་གནད་དོན་ནི་ཕྱི་ངོས་ནས་བལྟས་ན་སྐྱེ་ཁམས་གནོད་འཚེ་ཡིན་པ་དང་། དོན་དངོས་ཐོག་ནས་ཆབ་སྲིད་ཀྱི་གནོད་འཚེ་ཡིན་པས། ངེས་པར་དུ་ཀླད་པ་གསལ་བོ་བྱས་ཏེ། དམ་འཛིན་ལྷོད་མེད་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་རེ་བ་སྣ་ཚོགས་ལག་བསྟར་ནན་མོ་བྱེད་དགོས། མཚོ་ནུབ་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁག་དང་ཚོད་ལྟ་ཁུལ་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚན་ཁག ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡིས་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས་པ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་།ལྷག་པར་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་རྒྱུས་ལོན། ལག་བསྟར་བཅས་བྱེད་པའི་གྲོས་ཚོགས་ཤིག་དང་། འགུལ་སྐྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ། ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་གྲོས་ཚོགས་ཤིག ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁག་དང་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་གྲོས་ཚོགས་ཤིག མཚོ་ནུབ་ཀྱི་མ་འོངས་འཕེལ་རྒྱས་ཐད་འགན་མཐོན་པོ་ཁུར་བའི་གྲོས་ཚོགས་ཤིག གནད་དོན་ཐད་ཀར་ཐག་གཅོད་པ་དང་རང་སྐྱོན་ངོས་ལེན་བྱེད་པའི་གྲོས་ཚོགས་ཤིག བདེ་ཐང་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་སྤེལ་བའི་གྲོས་ཚོགས་ཤིག་བཅས་ཡིན་པས། མུ་རི་གཏེར་ཁུལ་གྱི་རྡོ་སོལ་ཁྲིམས་འགལ་སྔོག་འདོན་གནད་དོན་གྱི་བསླབ་བྱ་བསྡུ་ལེན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་རེ་བ་སྣ་ཚོགས་ལ་དམིགས་ནས་བརྟག་བཤེར་ལྟ་ཞིབ་བྱེད་པ། འགན་འཁྲི་དང་སྒྲིག་སྲོལ། ལངས་གནས། རྩ་དོན་བཅས་ལྟ་ཞིབ་ཁྲོད་འཇོག་པ། སྐྱོན་བརྗོད་དང་རང་སྐྱོན་ངོས་ལེན་གྱི་རང་གཅུན་དང་གཞན་སྡོམ་གྱི་དྲག་ཆས་སྤྱད་དེ། ཆབ་སྲིད་སྟེང་གི་གོ་ཤེས་ཅན་དང་བྱ་བ་བཟང་བོ་སྒྲུབ་མཁན། སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ། དག་གཙང་གི་མི་ཞིག་བཅས་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། མཚོ་ནུབ་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚན་ཁག་དང་ཚོད་ལྟ་ཁུལ་གྱི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚན་ཁག་གིས་ཏང་གི་སྒྲིག་ཡིག་ལ་བརྩི་འཇོག་བྱེད་པ་དང་། ཏང་གི་སྒྲིག་ཡིག་དེ་སྤྱོད་ཚུལ་གྱི་ཚད་གཞི་རུ་བྱས་ནས། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་སྒྲུབ་ཐུབ་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་ས་གནས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྲོལ་ཡིག་ནམ་ཡང་ལག་བསྟར་བྱེད་པ་དང་། ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་བྱེད་པ་དང་ཕྱོགས་སོ་སོར་མཐུན་སྦྱོར་བྱེད་པའི་མགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་བྱས་ཏེ། བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོན་པོ་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བས་སྤུས་ཚད་མཐོན་པོས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ནས། དུས་རབས་གསར་བ་དང་དུས་རིམ་གསར་བ། རྣམ་པ་གསར་བའི་ཁྲོད་གྲུབ་འབྲས་གསར་བ་འགྲེམ་སྟོན་བྱེད་དགོས། ས་གནས་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་བཅོས་སྐྱོང་ནུས་པ་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་བ་དང་། ལམ་ལུགས་ཚད་ལྡན་དུ་གཏོང་བ། ལག་ལེན་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ། དུས་གསར་བའི་ནང་གི་ཁག་ཁུར་གསར་བ་དང་གྲུབ་འབྲས་གསར་བ་ལེན་པའི་ནུས་པ་ཇེ་མཐོར་བཏང་སྟེ། བྱ་བ་བསྒྲུབ་པ་དང་བྱ་བ་བསྒྲུབ་ཐུབ་པ། གྲུབ་འབྲས་ལེན་པའི་སྣང་ཚུལ་བཟང་བོ་སྐྲུན་དགོས། བློ་བརྟན་འགྱུར་མེད་སྒོས་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་བྱེད་པ་དང་། ཏང་སེམས་སུ་འཛིན་པ་དང་མི་དམངས་སེམས་སུ་འཛིན་པ། འགན་འཁྲི་ལག་བསྟར་བྱེད་པ། གྱོད་གཞི་གཞིར་བཟུང་ནས་བསླབ་བྱ་བསྡུ་ལེན་བྱེད་པ་དང་གྱོད་གཞི་ལ་བརྟེན་ནས་བཅོས་བསྒྱུར་ལ་སྐུལ་འདེད་བཏང་སྟེ། ཚྭ་འདམ་གཞོང་གི་ཆབ་སྲིད་སྐྱེ་ཁམས་དང་རང་བྱུང་སྐྱེ་ཁམས་ཡང་བསྐྱར་འཛུགས་སྐྲུན་བྱེད་དགོས་ཟེར།

མཚོ་ནུབ་ཁུལ་དུ་རྟོག་ཞིབ་བྱེད་སྐབས། ཝང་ཅན་ཅུན་གཏེར་ལེན་ཁ་གྲོང་ཁྱེར་དབུལ་སྐྱོར་ཐོན་ལས་ར་བ་དང་འཛུགས་སྐྲུན་ལམ་གཞིས་ཁུལ་སོགས་སུ་སོང་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། ཐོན་ལས་དབུལ་སྐྱོར་དང་ཞིང་སྡེ་དར་སྤེལ། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེ་འདེམ་བསྐོ་སོགས་གནས་ཚུལ་རྟོག་ཞིབ་བྱས། ཝང་ཅན་ཅུན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་ལོ་བརྒྱ་ཕྲག་དང་པོའི་དམིགས་འབེན་གྱི་མཇུག་བསྡུ་བ། ལོ་བརྒྱ་ཕྲག་གཉིས་པ་མགོ་རྩོམ་པའི་དུས་ཚོད་གལ་ཆེན་ནང་བསྡུས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་པས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་མགོ་ཁྲིད་དེ་གྲོས་གཞི་བཟང་བོ་ཞིག་གཏན་འབེབས་བྱས་པ་དང་། དེ་ནི་ང་ཚོ་ཏང་གིས་ཡུན་རིང་བོར་སྲིད་འཛིན་པའི་ལག་ལེན་འཚོལ་ཞིབ་ཡིན་ལ། མ་འོངས་པ་དང་དེང་རབས་ཅན་ལ་ཁ་གཏད་པའི་འགུལ་སྐྱོད་རྩ་གནད་དང་། ཀྲུང་གོ་འཛམ་གླིང་སྟེགས་བུའི་དཀྱིལ་འཁོར་དུ་བསྐྱོད་པ་མ་ཟད་འཛམ་གླིང་འཕེལ་ཕྱོགས་ལ་སྣེ་ཁྲིད་པའི་རྒྱལ་ཁབ་ཆེན་པོའི་ཁག་ཁུར་ཡིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་རྒྱུ་ནི་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཏང་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཡིན་པས། མ་རྩོམ་ཀློག་པ་དང་མ་རྩོམ་སྦྱོང་བ། བདེན་ལུགས་ལ་རྒྱུས་ལོན་བྱེད་པ། ཤེས་པ་དང་ཉམས་ལེན་གཅིག་གྱུར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དང་ཀྲུང་དབྱང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་མཚོ་སྔོན་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱེད་པ་དང་བཀོལ་སྤྱོད་བཟང་བོ་བྱས་ཏེ། བྱ་བ་སྣ་ཚོགས་ཐད་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།