ཞིན་ཁྲང་ཞིང་གིས་མཐོ་རིམ་སློབ་གསོའི་འཕེལ་རྒྱས་དང་མཐོ་རིམ་སློབ་གྲྭའི་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་མཛད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་རང་ཞིང་གི་མཐོ་རིམ་སློབ་གསོ་འཕེལ་རྒྱས་དང་མཐོ་རིམ་སློབ་གྲྭའི་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་གནང་སྐབས། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་བཙུགས་ཏེ། རང་ཞིང་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བ་ལས་མཐོ་རིམ་སློབ་གསོ་ཐད་བླང་བྱ་གསར་པ་བྱུང་བ་དང་། མི་དམངས་མང་ཚོགས་ཀྱིས་མཐོ་རིམ་སློབ་གསོ་སྤུས་ལེགས་དང་ལེན་བྱེད་པར་དགོས་མཁོ་གསར་པ་བྱུང་དང་འབྱུང་བཞིན་པར་གཞིགས་ནས། ཁྱད་ཆོས་མངོན་གསལ་དོད་ཅིང་གོ་སྐབས་དམ་འཛིན་བྱེད་པ། ཤེས་ལྡན་མི་སྣ་གསོ་སྐྱོང་གི་སྤུས་ཚད་མཐོར་འདེགས་བྱེད་པ། མཐོ་རིམ་སློབ་གསོའི་ཁྱབ་ཁོངས་བསྒྱུར་བཅོས་ཟབ་སྤེལ་བཅས་ཀྱིས“ལོ་ལྔ་ཚན་བཅུ་བཞི་པའི”སློབ་གསོ་སྒྱུར་བཅོས་འཕེལ་རྒྱས་ཀྱི་འཆར་འགོད་ཞིབ་ཚགས་བཟོས་ཏེ། མཚོ་སྔོན་གྱི་མཐོ་རིམ་སློབ་གསོའི་སྒྱུར་བཅོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས་ཞེས་བསྟན།

ཞིན་ཁྲང་ཞིང་སྔ་རྗེས་སུ་མཚོ་སྔོན་སློབ་ཆེན་ཁུ་ནུ་སློབ་གླིང་དང་། ཟི་ལིང་སློབ་ཆེན་ལས་གཞིའི་གནས་གཞི་འཛུགས་སྐྲུན་བྱ་ཡུལ། མཚོ་སྔོན་སློབ་གསོ་གླིང་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ལས་གཞི་འཛུགས་སྐྲུན་བཅས་ཀྱི་ཡུལ་དངོས་སུ་བསྐྱོད་དེ། ཁུ་ནུ་སློབ་གླིང་གི་སྤོ་འཛུགས་དང་ཟི་ལིང་སློབ་ཆེན་གྱི་ལས་གཞི་འཆར་འགོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། མཚོ་སྔོན་སློབ་ཆེན་དུ། ཞིན་ཁྲང་ཞིང་བོད་ལུགས་གསོ་རིག་སློབ་གླིང་དང་ཞིང་ཆེན་པུའུ་ཡིས་མཉམ་དུ་བསྐྲུན་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྣོད་བཅུད་དང་ས་མཐོའི་ཞིང་ཕྱུགས་ལས་ཀྱི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་དུ་ཕེབས་ཏེ། བོད་ལུགས་གསོ་རིག་གི་ཁྱད་ལྡན་རིག་ཚན་འཕེལ་རྒྱས་དང་ཚན་རིག་ཞིབ་འཇུག་གི་གནས་ཚུལ་ལ་རྟོག་ཞིབ་གནང་རྗེས། མཐོ་རིམ་སློབ་གསོ་འཕེལ་རྒྱས་དང་མཐོ་སློབ་འཛུགས་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་མཛད། ཞིན་ཁྲང་ཞིང་གིས་ཉེ་བའི་ལོ་ཤས་རིང་ལ་མཚོ་སྔོན་སློབ་ཆེན་གྱིས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་།

ཞིན་ཁྲང་ཞིང་གིས་ནན་གསུང་གནང་དོན། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་པས་ཤེས་ལྡན་མི་སྣའི་དགོས་མཁོ་སྔར་བས་མངོན་གསལ་དོད་ཅིང་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད། མིག་སྔར་ལ་གཞི་ཚུགས་པ་དང་རྒྱང་རིང་ལ་ཇུས་འགོད་བྱས་ཏེ། མཚོ་སྔོན་སློབ་ཆེན་སྤུས་ལེགས་སྟོབས་ལྡན་དུ་འགྱུར་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ་དང་། “རྩེ་གྲ་གཉིས”ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། སློབ་གསོ་དང་ཚན་རིག་ཞིབ་འཇུག་གི་སྤུས་ཚད་མཐོར་འདེགས་པ། པུའུ་དང་ཞིང་ཆེན་གྱིས་མཉམ་སྐྲུན་དང་ཁ་གཏད་རོགས་སྐྲུན་སོགས་ཀྱི་ལས་སྟེགས་བེད་སྤྱོད་ཡག་པོ་དང་གང་འགབ་ཅི་སྤྱོད་ཀྱིས་དགེ་མཚན་ལྡན་པའི་རིག་ཚན་འབྲེལ་མཐུད་ཀྱི་གཙོ་ཁྲིད་ཐོན་ལས་ལ་སྐུལ་འདེད་གཏོང་བ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྒྲིག་བཟོའི་ལས་དོན་དམ་འཛིན་ཡག་པོ་བྱས་ཏེ། སློབ་གྲྭ་དེ“ཁྱད་ཆོས་ལྡན་ཞིང་ཆུ་ཚད་མཐོ་བའི”དེང་རབས་ཀྱི་སློབ་ཆེན་ཞིག་ཏུ་ཧུར་ཐག་གིས་འཛུགས་སྐྲུན་བྱེད་དགོས།

ཁོང་ཡུང་དང་དབྱང་ཀྲི་ཝུན་རྣམ་གཉིས་ཀྱང་ལྷན་དུ་རྟོག་ཞིབ་གནང་བར་ཕེབས། །


རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།