མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་པ་རྒན་པའི་གནས་ཚུལ་གྱི་ཁྱབ་བསྒྲགས་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས19ཉིན།  མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་རྒན་པའི་གནས་ཚུལ་ཁྱབ་བསྒྲགས་ཚོགས་འདུ་འཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའི་ཚན་ཁག་གི“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱས་ཏེ་མུའུ་ལི་གཏེར་ཁུལ་དུ་ཁྲིམས་འགལ་ངང་རྡོ་སོལ་སྔོག་འདོན་བྱེད་པའི་གནད་དོན་ཐད་ཀྱི་བསླབ་བྱ་ཟབ་མོ་ནན་ཏན་ངང་སྡུད་ལེན་བྱས་ནས། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གནས་སྐྲུན་རྒྱུར་ཤུགས་རྒྱག་པའི”ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་གནས་ཚུལ་ཁྱབ་བསྒྲགས་བྱས། སངས་རྒྱས་རྒྱལ། མུའུ་ཝུན་ལིན། ཅ་གོ་མིང་། ཀུའོ་རུའུ་ཀྲུའུ། མུའུ་ཏུང་ཧྲེང་། སུའུ་ཉིང་། མ་ཅིན་ཞའོ། ཀྲའོ་ཆི་ཀྲུང་སོགས་ཞིང་ཆེན་རིམ་པའི་མགོ་ཁྲིད་པ་རྒན་གྲས་དང་ཁྲུའུ་རིམ་པ་ཡན་གྱི་ལས་བྲལ་ལས་འཁྱུར་ངལ་གསོའི་ལས་བྱེད་པ190ལྷག་ཚོགས་འདུར་ཞུགས། 

ཝང་ཡུས་ཡན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་ལེགས་པོ་འཚོགས་པར་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཚོགས་འདུ་མ་འཚོག་གོང་། རྒྱུན་ཨུའི་ཚན་ཁག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པར་སློབ་སྦྱོང་ནན་ཏན་བྱས་ཤིང་། ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་གཞིར་བཟུང་ནས་སྙིང་གཏམ་ཤོད་རེས་དང་གླེང་མོལ་བྱེད་རེས་བྱས་ཏེ། བསམ་འཆར་དང་གྲོས་མགོ་རྒྱ་ཁྱབ་ངང་བསྡུ་ལེན་དང་། རྒྱུན་ཨུ་ཚན་ཁག་དང་མི་སྒེར་གྱི་ཞིབ་བསྡུར་ཞིབ་བཤེར་དཔྱད་ཡིག་ནན་ཏན་ངང་བྲིས་ནས།  སྤུས་ཚད་མཐོན་པོའི་སྒོས་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་རྒྱུར་རྨང་གཞི་བཏིང་ཡོད། ཚོགས་འདུས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་སྡེ་ཁག་གིས་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གི་ལས་དོན་ཡག་པོར་བསྒྲུབས་ནས་རྒྱ་ཆེའི་བློ་མཐུན་རྒན་པ་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་མཁན་དང་། ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལ་སྐུལ་འདེད་ཧུར་ཐག་གཏོང་མཁན། ཞིང་ཆེན་གྱི་གནས་ཚུལ་ཤེས་རྟོགས་ནུས་ལྡན་བྱེད་མཁན་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱེད་དགོས། །


རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།