རྨ་ལྷོ་གྱི་ཏང་གི་སློབ་ཚན་སྤུས་ལེགས་གཉིས་ཟི་ལིང་དུ་ཐོག་མར་ཁྲིད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས13ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུས་མཛུབ་ཁྲིད་དང་རྩོམ་སྒྲིག་བྱས་པའི་ཏང་གི་སློབ་ཚན་སྤུས་དག་གཉིས་ཏེ《བརྩེ་སེམས་ཆེན་པོས་མི་རིགས་མཐུན་སྒྲིལ་གྱི་རྡོ་རིང་བསྐྲུན》དང《དབུལ་ཐར་ལམ་བུའི་སྟེང་གི་སྦྲ་དཀར་སྡེ་བ》ཞེས་པ་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཁང་སྙན་ཞུ་ཁང་དུ་སྒྲོག་འགྲེལ་ཐེངས་དང་པོ་བྱས་པ་རེད། 

ཏང་གི་སློབ་ཚན་སྤུས་དག་གཉིས་ཀྱིས་དུས་རབས་རྒྱབ་ལྗོངས་སུ་བྱས་ཤིང་རྨ་ལྷོའི་ས་གཞི་ཆེན་མོ་ཁུངས་སྣེ་བྱས་ལ། དཔེ་མཚོན་མི་སྣ་དག་དཔེ་སྟོན་དུ་བྱས་ནས་མི་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་མཛའ་བརྩེ་དང་ཧུར་བརྩོན་འབད་འཐབ་ཀྱི་བརྗིད་ཉམས་ལྡན་པའི་དཔེ་རིས་ཤིག་བཞེངས་ཡོད། “སྒྲ་རིས་རི་མོ+ཡུལ་དངོས་སྒྲོག་འགྲེལ+འཁྲབ་སྟོན”་གྱི་རྣམ་པ་སྤྱད་དེ། ལོ་རྒྱུས་ཀྱི་རྣམ་པ་ཇི་བཞིན་མཚོན་ཞིང་སེམས་འགུལ་བའི་གཏམ་རྒྱུད་ངང་གིས་བརྗོད་ཡོད་ལ། རྨ་ལྷོའི་ས་གཞི་ཆེན་མོ་ནས་ཐོན་པའི་བརྩེ་སེམས་ཆེན་པོས་གསོལ་འབུལ་བྱེད་མཁན་དང་། བརྟན་སྲུང་དང་རྒྱུན་མཁྱོངས་བྱེད་མཁན། གསར་གཏོད་དང་འགྱུར་ལྡོག་གཏོང་མཁན། རྗེས་ལུས་ལས་རྦད་དེ་ཐར་མཁན་བཅས་ཀྱི་སྔོན་ཐོན་དཔེ་མཚོན་འགའ་ལ་བསྔགས་བརྗོད་བྱས་ཡོད། 

ཉིན་དེར། ཞིང་ཆེན་དང་ཁུལ་གྱི་རྩ་འཛུགས་དང་དྲིལ་བསྒྲགས། འཐབ་ཕྱོགས་གཅིག་གྱུར། དབུལ་སྐྱོར། ཚན་རྩལ། ཚན་རྩལ་མཉམ་ལས་སོགས་སྡེ་ཁག་གི་འགན་འཁུར་བ་དང་། ཟི་ལིང་དུ་བཅའ་སྡོད་བྱེད་པའི་རྨ་ལྷོ་ཁུལ་གྱི་ལས་འཁྱུར་ངལ་གསོའི་ལས་བྱེད་པ་རྒན་པའི་འཐུས་མི་བཅས་ཁྱོན་མི300ལྷག་སྙན་ཞུའི་ཚོགས་འདུར་ཞུགས། །


རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།