མཚོ་སྔོན་རྡོ་རྗེ་གསར་སྐྲུན་རིག་གནས་བཟོ་རྩལ་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་སིས་དབུལ་སྐྱོར་ཁེ་སྤོགས་བགོ་བའི་བྱ་འགུལ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ11པའི་ཚེས18ཉིན། མཚོ་སྔོན་རྡོ་རྗེ་གསར་སྐྲུན་རིག་གནས་བཟོ་རྩལ་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་སིས་དབུལ་སྐྱོར་ཁྱིམ་ཐོན་ཐོན་ལས་མ་དངུལ་མ་རྐང་བཞག་པའི་ཁེ་སྤོགས་བགོ་བའི་ཚོགས་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གཙང་གསུམ་འབྱུང་ཡུལ་དབུལ་སྐྱོར་སྐྱེ་ཁམས་ཐོན་ལས་གླིང་དུ་བསྡུས། འབྲེལ་ཡོད་ཀྱི་མགོ་ཁྲིད་པ་དང་ན་གཞོན་ཁེ་ལས་པ། མང་ཚོགས་བཅས་མི100ལྷག་ཁེ་སྤོགས་བགོ་བའི་མཛད་སྒོར་ཞུགས།

803fec31cea58c40a468728159b0987f.jpg

མཚོ་སྔོན་རྡོ་རྗེ་གསར་སྐྲུན་རིག་གནས་བཟོ་རྩལ་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་སིས་ཐེངས་འདིར་བསྡོམས་པས་མ་དངུལ་སྒོར153088ཀྱི་ཁེ་སྤོགས་བགོ་བཞིན་ཡོད་ལ། དེ་ནི་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་དང་ཁམས་ར་གྲོང་རྡལ་གཉིས་ཀྱི་སྡེ་བ7གྱི་དབུལ་ཕོངས་ཁྱིམ་ཚང52ཀྱི་དབུལ་སྐྱོར་ཁྱིམ་ཐོན་ཐོན་ལས་མ་དངུལ་མ་རྐང་དུ་བཞག་པའི་མི184ལ13%གྱི་བསྡུར་ཚད་ལྟར་ཁེ་སྤོགས་བགོས་པ་དང་། མི་རེར་ཆ་སྙོམས་ཀྱིས་སྒོར860ལྷག་ཡོད་པ་རེད། དེས་ས་གནས་དབུལ་ཕོངས་མང་ཚོགས་ཀྱི་འཚོ་བའི་ཡོང་སྒོ་འཕར་སྣོན་དང་བློ་སྒོ་འབྱེད་པ། རྩལ་ནུས་གསོ་སྦྱོང་བཅས་ལ་སྣེ་ཁྲིད་ཀྱི་ནུས་པ་མི་དམན་པ་ཐོན།

76829b5d42b15c46be04523838cc19b0.jpg

རྒྱུས་ལོན་བྱུང་བ་ལྟར་ན། 2016ལོ་ནས་བཟུང་། ཀུང་སིས་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་གནད་ཁེལ་དབུལ་སྐྱོར་སྲིད་ཇུས་ལ་བརྟེན་ནས། ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་ཧུར་ཐག་གིས་ལག་བསྟར་བྱས་པ་དང་། “ཐོན་ལས་གླིང+དབུལ་སྐྱོར”གྱི་འཕེལ་རྒྱས་དཔེ་དབྱིབས་ལེགས་པོར་བེད་སྤྱད་དེ། དབུལ་ཕོངས་མང་ཚོགས་དང་དབུལ་སྐྱོར་མ་དངུལ་ཁེ་ཕན་མཉམ་འབྲེལ་གྱི་ནང་རྐྱེན་བཙུགས་ཏེ། གནས་སྐོར་ཀྱིས་མང་ཚོགས་ཕྱུག་བསྒྱུར་དང་ཐོན་ལས་ཀྱིས་དམངས་ལ་ཁེ་བཟང་བསྐྲུན་པ་སོགས་གནད་ཁེལ་དབུལ་སྐྱོར་ཀྱི་སྤྱི་ཚོགས་འགན་འཁྲི་ཕྱིར་མངོན་ཞིང་། ཀུང་སིས་ཁམས་ར་གྲོང་རྡལ་དང་མར་ཁུ་ཐང་གྲོང་རྡལ་གྱི་ཚགས་བཙུགས་བྱང་སྒྲིག་གི་མི་ཐེངས648ཀྱི་དབུལ་ཕོངས་ཁྱིམ་ཚང་གི་དབུལ་སྐྱོར་མ་དངུལ་བསྡུ་ལེན་བྱས་ཏེ་ཁེ་ལས་ནང་མ་རྐང་དུ་བཞག་ལ། ཁེ་སྤོགས་བསྡུར་ཚད2016ལོའི10%ནས2020ལོའི13%དུ་འཕར་བ་དང་། ད་ལྟའི་བར་དུ་རིམ་རྩིས་བྱས་ན་མ་རྐང་བཞག་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་ལ་ཁེ་སྤོགས་སྒོར་ཁྲི50.92བགོ་བཤའ་བརྒྱབ་པར་མ་ཟད། གཞན་ད་དུང་རང་ས་གནས་ཀྱི་མང་ཚོགས100ལྷག་ལས་ཞུགས་བྱེད་པར་སྐུལ་ཁྲིད་བྱས་ནས་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་རོགས་འདེགས་བྱེད་པ་དང་། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་རམ་འདེགས་བྱེད་པ། མི་དམངས་མང་ཚོགས་དབུལ་ཐར་ཕྱུག་བསྒྱུར་བྱེད་པར་རང་ནུས་ཅི་ལྕོགས་ཀྱིས་ནུས་པ་བླ་ལྷག་བཏོན་དང་འདོན་བཞིན་མཆིས། །

34285b228cb81edd8bb6aa55b5e4bc17.jpg

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།