མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱལ་དབང་ཁེ་ལས་བཅོས་བསྒྱུར་ཟབ་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་རྒྱ་སྐྱེད་གྲོས་ཚོགས་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱལ་དབང་ཁེ་ལས་བཅོས་བསྒྱུར་ཟབ་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་རྒྱ་སྐྱེད་གྲོས་ཚོགས་བསྡུས་པ་དང་། ཚོགས་ཐོག་ནས་ཞིང་ཆེན་ཡོངས་ཀྱི་རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་བཅོས་བསྒྱུར་གནས་ཚུལ་གྱི་ཁྱབ་བསྒྲགས་ལ་ཉན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དབང་ཁེ་ལས་བཅོས་བསྒྱུར་གྱི་ལོ་གསུམ་འགུལ་སྐྱོད་ལག་བསྟར་ཇུས་གཞིའི་གྲོས་ཞིབ་མ་ཟིན་ལ་ཞིབ་འཇུག་གྲོས་སྡུར་བྱས། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་གྱིས་གྲོས་ཚོགས་ལ་འགོ་མཛིན་བྱས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་ཡོངས་ཀྱི་རྒྱལ་དབང་ཁེ་ལས་ཀྱིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་ཆེན་པོ་བཞག་པ་དང་། ལྷག་པར་དུ་པྲོག་གསར་གློ་ཚད་ལ་ཁ་གཏད་དེ། རྒྱལ་དབང་ཁེ་ལས་ཀྱིས་འགན་ཁུར་ཕྲག་ཏུ་བླངས་པ་དང་། འཕྲལ་བསྟུན་མཁོ་འདོན་ལ་འགན་སྲུང་བྱེད་པ་དང་སྨན་བཅོས་རོགས་སྐྱོར། ལས་ཐོན་སླར་གསོ། ཐོན་ལས་མུ་ཐག་དང་མཁོ་འདོན་མུ་ཐག་གཏན་འཇགས་སུ་གཏོང་བ་བཅས་ཀྱི་ཕྱོགས་ནས་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྒྱལ་དབང་ཁེ་ལས་བཅོས་བསྒྱུར་གྱི་ལོ་གསུམ་འགུལ་སྐྱོད་ལག་བསྟར་ཇུས་གཞི་ལག་བསྟར་བྱེད་པར་དམ་འཛིན་བྱེད་དགོས། གཅིག་ནས་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་གཏོང་བ་དང་། བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་དགོས། གཉིས་ནས་འཕེལ་རྒྱས་ཀྱི་གནས་ཐིག་གཏན་ཁེལ་འཚོལ་བ་དང་། རིགས་བགར་ནས་བཅོས་བསྒྱུར་སྤེལ་དགོས། གསུམ་ནས་གཙོ་གཞི་ནུས་པ་འདོན་སྤེལ་བྱེད་པ་དང་། འགན་འཁྲི་ལག་བསྟར་ནན་མོ་བྱེད་དགོས། བཞི་ནས་སྡེ་ཁག་གི་མཉམ་ལས་ཟབ་མོ་སྤེལ་ནས། ལས་འགན་ལག་བསྟར་བྱེད་པར་ཁག་ཐེག་བྱེད་གདོས་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།