མཚོ་སྔོན་ཞིང་ཆེན་གྱིས་ཞིང་སྡེའི་ཞིང་སའི་སྟེང་རང་དགར་དུ་ཁང་བ་ལས་པའི་གནད་དོན་གཙང་བཤེར་བཅོས་སྐྱོང་བྱ་བའི་བཀོད་གཏོང་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཐེངས་དང་པོ་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐོ་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་ཞིང་སའི་སྟེང་རང་དགར་དུ་ཁང་བ་ལས་པའི་གནད་དོན་གཙང་བཤེར་བཅོས་སྐྱོང་བྱ་བའི་བཀོད་གཏོང་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཐེངས་དང་པོར་ཞུགས་པ་མ་ཟད་གཏམ་བཤད་གནང་། ཚོགས་ཐོག་ནས་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་ཞིང་སའི་སྟེང་རང་དགར་དུ་ཁང་བ་ལས་པའི་གནད་དོན་རྟོག་སེལ་བྱས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཞིང་སྡེའི་ཞིང་སའི་སྟེང་རང་དགར་དུ་ཁང་བ་ལས་པའི་གནད་དོན་གཙང་བཤེར་བཅོས་སྐྱོང་བྱ་བའི་བཀོད་གཏོང་ཇུས་གཞི་ལ་གྲོས་ཞིབ་བྱས་པ་མ་ཟད། གོ་རིམ་རྗེས་མའི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས།

ལིའུ་ཐོ་ཡིས་བསྟན་དོན། ཞིང་སྡེའི་ཞིང་སའི་སྟེང་ཁང་བ་ལས་པའི་གནད་དོན་བཅོས་སྐྱོང་བྱ་བ་སྤེལ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་བཀོད་སྒྲིག་བྱས་པའི་བྱ་བ་ཧ་ཅང་གལ་ཆེན་ཞིག་ཡིན་པ་དང་། རང་ཞིང་གིས་གཙང་བཤེར་བཅོས་སྐྱོང་བྱ་བ་སྤེལ་བའི་ཚུན་དུ། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་ཧ་ཅང་མཐོང་ཆེན་བྱས་པ་དང་། རང་འགུལ་གྱིས་མཉམ་ལས་གཞོགས་འདེགས་བྱས་ལ། མཉམ་དུ་ཤུགས་བཏོན་པ་དང་། དུས་ཚོད་ཀྱི་རེ་བ་ལྟར་དུས་རིམ་རང་བཞིན་གྱི་ལས་འགན་ཧ་ལམ་ཡོངས་འགྲུབ་བྱས་ཏེ། རྗེས་མཐུད་ཀྱི་བྱ་བ་སྤེལ་བའི་ཐད་རྨང་གཞི་ཅུང་བརྟན་པོ་བཏིངས།

ལིའུ་ཐོ་ཡིས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་བསམ་བློའི་ངོས་ཟིན་གཅིག་གྱུར་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ། རྩ་འཛུགས་ཞིབ་མོ་བྱེད་པ། སྟོབས་ཤུགས་ཡོད་རྒུས་བྱ་བ་སྤེལ་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས། ཁག་ཁུར་བྱེད་ཕོད་པ་དང་། འགན་འཁྲི་ལག་བསྟར་བྱེད་པ། ཞན་ཆ་འཚོལ་བ་དང་མི་འདང་སར་ཁ་གསབ་བྱེད་པ། ཁྱོན་ཡོངས་ནས་ཚད་མཐའ་མཐིལ་རྟོགས་བྱས་ཏེ། དུས་ཐོག་ཏུ་གཞི་གྲངས་སྣ་ཚོགས་ཡར་ཞུ་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས། ལྟ་སྐུལ་མཛུབ་སྟོན་དང་འགན་འཁྲི་རྩད་གཅོད་ལ་ཤུགས་སྣོན་པ་དང་། དུས་ཐོག་ཏུ་དག་ཐེར་ལེགས་བཅོས་བྱེད་པ། འགན་ཁུར་བའི་རྣམ་འགྱུར་མཐོན་པོས། ལྟ་ཞིབ་མཛུབ་སྟོན་བྱ་བ་བཟང་བོར་བསྒྲུབ་དགོས། དངོས་ཐོག་བདེན་འཚོལ་དང་ཕྱོགས་བསྡུས་སྲིད་སྤྱོད། ཁྲིམས་སྲོལ་གཞིར་འཛིན་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། སྔ་མོ་ནས་བཅོས་སྐྱོང་བྱ་བར་འཆར་འགོད་བྱེད་པ། རྗེས་མཐུད་བྱ་བ་བཟང་བོར་བསྒྲུབ་པ། ས་ཞིང་ཁྲིམས་འགལ་སྒོས་བཀོལ་སྤྱོད་བྱེད་པའི་མཐའ་གཅིག་ཏུ་བཀག་འགོག་བྱས་ནས། རྨོ་ཞིང་སྲུང་སྐྱོབ་ཀྱི་དམར་མཚམས་བརྟན་སྲུང་བྱེད་དགོས། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།