ཞིན་ཁྲང་ཞིང་གིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་རྒྱུན་ལས་ཚོགས་འདུའི་ཁྲིམས་ལུགས་སློབ་སྦྱོང་གི་ཆེད་དོན་འཆད་ཁྲིད་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་རྒྱུན་ལས་ཚོགས་འདུའི་ཁྲིམས་ལུགས་སློབ་སྦྱོང་གི་ཆེད་དོན་འཆད་ཁྲིད་སྤེལ་བ་དང་། ནོར་སྲིད་པུའུ་ཡི་སྲོལ་ཡིག་བཅའ་ཁྲིམས་སའོ་ཡི་སའོ་ཀྲང་ཅཱ་རུང་ཨོ་གདན་དྲངས་ཏེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྔོན་རྩིས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》སློབ་སྦྱོང་བྱ་གཞིར་དམིགས་ནས་སྙན་ཞུ་ཕུལ།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ཅཱ་རུང་ཨོ་ཡིས《སྲོལ་ཡིག》བཟོ་བཅོས་བརྒྱབ་པའི་རྒྱབ་ལྗོངས་དང་བརྒྱུད་རིམ། དེ་བཞིན་རྩ་དོན་བཟོ་བཅོས། ནང་དོན་གཙོ་བོ། ཁྱད་ཆོས་མངོན་གསལ་དོད་པོ་སོགས་ཀྱི་ཐད་འགྲེལ་བཤད་གནད་འཁེལ་བྱས་ཏེ།《སྲོལ་ཡིག་》ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པའི་ཐད་ནས་མཛུབ་སྟོན་བྱས།

ཞིན་ཁྲང་ཞིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་ནི། དུས་རབས་གསར་པར་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཡིན་ལ། དེས་ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་གཏོང་བ་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་ཁྱོན་ཡོངས་ནས་སློབ་སྦྱོང་དང་གོ་བ་ཡང་དག་བླངས་ནས། ཁྲིམས་སྐྱོང་གི་བསམ་གཞིགས་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ། བཅོས་སྒྱུར་ཟབ་སྤེལ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འགལ་བ་སེལ་བ། བརྟན་འཇགས་སྲུང་སྐྱོབ། ཉེན་ཁར་ཁ་གཏད་གཅོག་པ་བཅས་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལས་དོན་དེ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།