དགུན་དུས་ཀྱི་རབ་མཛེས་མཚོ་སྔོན་དང་མཐོོ་སྒང་གི་རི་དྭགས།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། མཚོ་བོད་མཐོ་སྒང་ནི་ཀྲུང་གོའི་རི་སྐྱེས་སྲོག་ཆགས་ཆེས་མང་བའི་ས་ཁུལ་ཞིག་རེད། དགུན་དུས་སུ་རབ་མཛེས་མཚོ་སྔོན་དུ་ཡུལ་སྐོར་བྱེད་དུས། ག་ས་གང་དུ་རི་སྐྱེས་སྲོག་ཆགས་མཐོང་ཐུབ། 

1.jpg

    མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྩྭ་ཐང་།   

གསར་འགོད་པས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་ཁྱུ་དང་ཁྱུ་བྱས་ནས་རྒྱུ་བའི་རྐྱང་རྒོད་དང་། བག་ཡངས་སུ་རྒྱུ་བའི་ཤྭ་སྐྱ་མཐོང་ཞིང་།  རི་སྐྱེས་སྲོག་ཆགས་དེ་དག་གིས་མཐོ་སྒང་གི་དགུན་དུས་ལ་ཚེ་སྲོག་གི་རང་མདངས་བསྩལ་ཡོད། 

2.jpg

རི་དྭགས་སྦྲེ་ཡིས་ཁ་བ་དཀར་པོའི་སྟེང་དུ་རྐང་རྗེས་རེ་རེ་རི་མོར་ཕབ་བཞིན་བག་ཡངས་ཀྱིས་རྒྱུ་བཞིན་པ།   

མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་མཁར་གྱི་ཉེ་འགྲམ་དུ་ཐེངས་དུ་མར་གསའ་གཟིག་རྒྱུ་བ་མཐོང་ཡོད།     

3.jpg

 

 མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཁུངས་སུ་མཐོང་བའི་སྤྲེ་ཞིག  

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟར་སྐུལ་འདེད་གཏོང་བ་དང་ཆབས་ཅིག རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་ཤུགས་ཀྱང་ཟམ་མི་ཆད་པར་ཆེ་རུ་ཕྱིན་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི“རི་ཆུ་ནགས་ཞིང་མཚེའུ་རྩྭ”ཉིན་རེ་བཞིན་ཐུན་མོང་འདུས་གྲུབ་གཅིག་ཏུ་འགྱུར་གྱིན་ཡོད་པས། དེའི་ཉམས་གསོ་དང་ལེགས་བསྒྱུར་བྱུང་བ་ལས་ས་དེ་གའི་འབྲོག་པ་མི་དམངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་ཆགས་པར་སྐུལ་འདེད་བཏང་། 

4.jpg

 མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་བླངས་པའི་རྐྱང་རྒོད་ཀྱི་པར།  

གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་བསྡོམས་པས་རི་སྐྱེས་སྲོག་ཆགས་རིགས125ཡོད་ལ། དེ་ལས་མང་ཆེ་བ་མཚོ་བོད་མཐོ་སྒང་ལ་ཁྱད་དུ་མངའ་བའི་སྲོག་ཆགས་ཀྱི་རིགས་ཡིན་ཞིང་གྲངས་ཀ་འབོར་ཆེན་ཡོད། འབྲེལ་ཡོད་སྙན་ཞུ་ལས་མངོན་པ་ལྟར་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟ་ས་ཁོངས་ཀྱི་སྣོད་བཅུད་སྲུང་སྐྱོང་དང་ཉམས་གསོའི་ཕན་འབྲས་ཉིན་རེ་བཞིན་མངོན་པར་གསལ་བ་དང་། ཆུའི་ཐོན་ཁུངས་ཀྱི་སྤྱི་འབོར་མང་དུ་ཕྱིན་པ། སྔོ་ཁེབས་ཁྱབ་ཚད་ཆེ་རུ་ཕྱིན་པ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་འབུར་དུ་ཐོན་པ་བཅས་ཀྱིས། རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་མང་དུ་ཕྱིན་ཞིང་གྲངས་འབོར་སླར་གསོ་ཐུབ་ཡོད། 

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།