ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས18ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་རིག་གནས་གནས་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། ཟི་ལིང་སྒྱུ་རྩལ་ཟློས་གར་ཁང་གིས་སེམས་ཞིབ་མོས་སྒྲིག་རྩོམ་བྱས་པའི་རོལ་མོའི་ཟློས་གར《མེ་ཏོག་དང་ལོ་ཆུང》ཞེས་པ་དེ་ཟླ11པའི་ཚེས20ཉིན་་ནས་བཟུང་ཉིན་ཞྭ་དང་།ཧྲན་ཞི། ཧུའུ་ནན། ཅང་ཞི།ཀོང་ཏུང་སོགས་ཞིང་ཆེན་དང་ཁུལ་དགུ་རུ་སོང་ནས། ཉིན20རིང་གི་སྐོར་བསྐྱོད་འཁྲབ་སྟོན་བྱེད་རྒྱུ་རེད།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་སྐོར་བསྐྱོད་འཁྲབ་སྟོན་གྱིས་རིག་རྩལ་འཁྲབ་སྟོན་བྱེད་པ་དེ་བརྗེ་རེས་སྟེགས་བུར་བརྩིས་ཤིང་། ཙོང་ཆུའི་རིག་གནས་རྒྱུད་འཛིན་དར་སྤེལ་བཏང་སྟེ།ཟི་ལིང་གི་དབྱངས་འགྲོས་ངག་ལ་གྱེར་བ་ཞེས་པ་བརྗོད་དོན་དུ་བཟུང་ནས་།དུས་ཡུན་ཉིན20ཡི་རིང་ལ་ཞིང་ཆེན་དང་ཁུལ9རུ་སོང་ནས་འཁྲབ་སྟོན་ཐེངས9ལ་བྱེད་རྒྱུ་རེད།ཐེངས་འདིའི་སྐོར་བསྐྱོད་འཁྲབ་སྟོན་གྱིས་ད་དུང་སྐོར་བསྐྱོད་འཁྲབ་སྟོན་གྲོང་ཁྱེར་གྱི་ཟློས་གར་ཁང་དུ་ཟི་ལིང་གྲོང་ཁྱེར་གྱི་སྣང་བརྙན་འགྲེམ་སྟོན་བྱེད་ས་དང་་ཟི་ལིང་གཟུགས་འདས་རིག་གནས་འགྲེམ་སྟོན་བྱེད་ས་བཙུགས་ནས། ཟི་ལིང་གྲོང་ཁྱེར་གྱི་དྲིལ་སྒྲོག་བརྙན་ཐུང་གཏོང་བ་དང་།གཟུགས་འདས་ཤུལ་བཞག་ཐོན་རྫས་འགྲེམ་སྟོན་བྱེད་པའི་རྣམ་པ་ཡིས། ཙོང་ཆུའི་རིག་གནས་ལ་ཁྱད་དུ་མངའ་བའི་སྒྱུ་རྩལ་གྱི་མཛེས་པ་མངོན་པ་དང་།བཙོག་མེད་འཕེལ་རྒྱས་གྲོང་ཁྱེར་དང་དུས་རབས་གསར་བའི་སྐྱིད་པའི་ཟི་ལིང་མྱུར་དུ་འཛུགས་པའི་གྲུབ་འབྲས་དྲིལ་སྒྲོག་བྱེད་རྒྱུ་རེད།།
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
རང་ཞིང་གི་རོལ་མོའི་ཟློས་གར་མེ་ཏོག་དང་ལོ་ཆུང་ཞེས་པ་ཞིང་ཆེན་དང་ཁུལ་དགུ་རུ་སྐོར་བསྐྱོད་འཁྲབ་སྟོན་དུ་འགྲོ་རྒྱུ་རེད།