ཞིང་ཆེན་ཏང་ཨུས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་བཤད་ཚོགས་པའི་གྲ་སྒྲིག་ཚོགས་འདུ་བསྡུས།

ཞིང་ཆེན་ཏང་ཨུས་ཏང་གི་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལ་སློབ་སྦྱོང་དྲིལ་སྒྲོག་གི་ཞིང་ཆེན་ཏང་ཨུའི་སྒྲོག་བཤད་ཚོགས་པའི་གྲ་སྒྲིག་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས18ཉིན། ཞིང་ཆེན་ཏང་ཨུས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་བཤད་ཚོགས་པའི་གྲ་སྒྲིག་ཚོགས་འདུ་བསྡུས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་སྐུལ་སློང་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། ཞིང་ཆེན་ཏང་ཨུའི་སྒྲོག་བཤད་ཚོགས་པའི་གཅིག་བསྡུས་སྒྲོག་བཤད་བྱ་བ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚུང་ལེ་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད། 

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྒྲོག་བཤད་ཚོགས་པའི་ཁོངས་མིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་། ཡང་ནས་བསྐྱར་དུ་ཞིབ་འཇུག  གོ་བ་གཏིང་ཟབ་ལེན་པ་བཅས་བྱས་ཏེ། གྲ་སྒྲིག་བྱ་བ་ལེགས་པོར་སྒྲུབ་དགོས། ཁ་ཕྱོགས་དམ་འཛིན་དང་ཁྲིད་སྟོན་ཡང་དག  ནང་དོན་ཡིད་ལ་ངེས་སུ་འཇུག་པ། སྙིང་བོ་ཁོང་དུ་ཆུད་པར་བྱེད་པ་བཅས་ཀྱིས། ཡང་དག་དང་གཏིང་ཟབ་ཀྱི་སྒོ་ནས་སྒྲོག་བཤད་བྱེད་པར་ཁྱོན་ཡོངས་ནས་ཁག་ཐེག་བྱེད་དགོས།དོན་དངོས་དང་ཟུང་དུ་སྦྲེལ་ཞིང་ཐུགས་ཁུར་ལ་ཨ་ལན་སྤྲད་དེ། རང་རྒྱལ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱད་ཆོས་གསར་པ་དང་བླང་བྱ་གསར་པ་ཞིབ་བརྗོད་བྱེད་པ་དང་། སྤྱི་ཚོགས་སྟེང་སྤྱི་ཁྱབ་སྒོས་དོ་ཁུར་བྱེད་ཀྱིན་པའི་གནད་དོན་ལ་ལན་བཏབ་སྟེ། ལས་བྱེད་པ་དང་མང་ཚོགས་ཀྱི་དོན་དངོས་ཐུགས་ཁུར་ལ་ཨ་ལན་སློག་ཅི་ཐུབ་བྱེད་དགོས། བྱེད་ཐབས་དང་བྱེད་སྟངས་ལེགས་བཅོས་བྱས་ཏེ། སྒྲོག་བཤད་དེ་ལས་ཁུངས་དང་།ཞིང་སྡེ། འབྲོག་ཁུལ།མཁར་སྡེ།ཁེ་ལས།སློབ་གྲྭ དྲ་རྒྱ་བཅས་སུ་བསྐྱོད་པ་མངོན་འགྱུར་བྱེད་དགོས། 

གྲོས་ཚོགས་ཀྱི་རྗེས་སུ། ཞིང་ཆེན་ཏང་ཨུའི་སྒྲོག་བཤད་ཚོགས་པ་ས་གནས་སོ་སོ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མཐོ་རིམ་སློབ་གྲྭ་སོ་སོ་དང་ཞིང་ཆེན་ཁོངས་གཏོགས་ཁེ་ལས་སྐོར་ཞིག་ཏུ་སོང་ནས་སྒྲོག་བཤད་བྱེད་རྒྱུ་རེད། ། 

 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།