ཞིང་ཆེན་མི་དམངས་སྲིད་གཞུང་གི་རྒྱུན་ལས་རྒྱུན་ལས་གྲོས་ཚོགས་ཀྱིས་བཅའ་ཁྲིམས་སློབ་སྦྱོང་གི་ཆེད་དོན་བཞུགས་མོལ་ཚོགས་འདུ་བསྡུས།

省政府常务会举办学法专题讲座

ཞིང་ཆེན་མི་དམངས་སྲིད་གཞུང་རྒྱུན་ལས་གྲོས་ཚོགས་ཀྱིས་བཅའ་ཁྲིམས་སློབ་སྦྱོང་གི་ཆེད་དོན་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས18ཉིན། ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཀྱིས་ཁྲིམས་སྦྱོང་ཆེད་དོན་བཞུགས་མོལ་བསྡུས། ནོར་སྲིད་པུའུ་དངུལ་རྩའི་བཅའ་ཁྲིམས་སི་ཡི་སི་ཀྲང་ཅ་རོང་འོ་གདན་དྲངས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྔོན་རྩིས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་ལ་སློབ་སྦྱོང་བྱེད་པར་དམིགས་ནས་བརྗོད་དོན་སྙན་ཞུ་ཕུལ།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞང་གིས་འགོ་འཛིན་བྱས། 

11月18日,省政府常务会举办学法专题讲座。邀请财政部条法司司长贾荣鄂围绕学习《中华人民共和国预算法实施条例》作主题报告。省委副书记、省长信长星主持。

ཞིན་ཁྲང་ཞང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་ནི་དུས་རབས་གསར་བའི་ནང་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་མཛུབ་སྟོན་བྱེད་པའི་རྩ་གནད་རང་བཞིན་ཡིག་ཚང་ཞིག་ཡིན་པས་།ཁྲིམས་ལྟར་སྲིད་འཛིན་པ་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པར་རྩ་བའི་སྲུང་བྱ་་འདོན་སྤྲོད་བྱས་ཡོད། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་ཁྱོན་ཡོངས་དང་ཡང་དག་སྒོས་་སློབ་པ་དང་གོ་བ་གཏིང་ཟབ་བླངས་ནས། ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་རིག་ལམ་བཅོས་བསྒྱུར་ཟབ་སྤེལ་དང་། འཕེལ་རྒྱས་ལ་སྐུལ་འདེད། འགལ་བ་ཞི་འཇགས། གཏན་འཇགས་སྲུང་སྐྱོབ། ཉེན་ཁར་གདོང་གཏོད་པའི་ནུས་ཤུགས་བཅས་མཐོ་རུ་བཏང་སྟེ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། 

信长星指出,习近平总书记在中央全面依法治国工作会议上的重要讲话,是指导新时代全面依法治国的纲领性文献,为推进依法行政、建设法治政府提供了根本遵循。各级领导干部要全面准确学习领会习近平法治思想,不断提高运用法治思维和法治方式深化改革、推动发展、化解矛盾、维护稳定、应对风险的能力,推动法治政府建设向纵深发展。

ཞིན་ཁྲང་ཞང་གིས་ནན་གྱིས་བསྟན་དོན། ནོར་སྲིད་ནི་རྒྱལ་ཁབ་བཅོས་སྐྱོང་ནུས་ཤུགས་དང་བཅོས་སྐྱོང་མ་ལག་དེང་རབས་ཅན་དུ་བསྒྱུར་བའི་རྨང་གཞི་དང་གདུང་འདེགས་གལ་ཆེན་ཞིག་ཡིན་ལ།སྔོན་རྩིས་ཀྱིས་ནོར་སྲིད་བྱ་བའི་དཀྱིལ་སྙིང་གི་གོ་གནས་བཟུང་ཡོད། རིམ་པ་སོ་སོའི་སྡེ་ཁག་གིས་ཐེངས་འདིའི་ཁྲིམས་སྦྱོང་ཆེད་དོན་བཞུགས་མོལ་གྱི་རྨང་གཞིའི་སྟེང་།སློབ་སྦྱོང་དང་དྲིལ་སྒྲོག་གི་གསོ་སྦྱོང་སྔར་ལས་དམ་འཛིན་བྱེད་པ་དང་། བྱེ་བྲག་གི་བྱ་བ་དོན་འཁྱོལ་ལེགས་པོ་བྱེད་པ། སྔོན་རྩིས་བཅའ་ཁྲིམས་དང་དེའི་ལག་བསྟར་སྲོལ་ཡིག་གཟབ་ནན་གྱིས་ལག་བསྟར་བྱས་ནས། སྔོན་རྩིས་བྱ་བའི་ཆུ་ཚད་ཧུར་ཐག་གིས་མཐོ་རུ་གཏོང་དགོས། ཞིང་ཆེན་ཡོངས་ཀྱི་སྔོན་རྩིས་དོ་དམ་གཞི་གཅིག་ཅན་གྱི་མ་ལག་ཚད་གཞི་མཐོན་པོའི་སྒོ་ནས་འཛུགས་སྐྲུན་བྱེད་པར་མྱུར་དུ་སྐུལ་འདེད་གཏོང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་སྔོན་རྩིས་མ་ལག་སྒྲིག་འཛུགས་བྱེད་པ། སྲིད་གཞུང་གི་དངུལ་བུན་དོ་དམ་ཤུགས་དྲག་ཏུ་གཏོང་བཅས་ཀྱིས། ཁྱོན་ཡོངས་་བཅོས་བསྒྱུར་གྱི་གྲུབ་འབྲས་དེ་ནོར་སྲིད་བྱ་བའི་ཁྲོད་ནས་མངོན་དུ་འཇུག་དགོས།། 

信长星强调,财政是国家治理能力和治理体系现代化的基础和重要支柱,预算处于财政工作的核心位置。各级各部门要在此次学法专题讲座的基础上,进一步抓好学习宣传培训,扎实做好贯彻落实的具体工作,严格执行预算法及其实施条例,努力提升预算工作水平。要加快推进全省预算管理一体化系统高标准建设,把科学设定预算指标体系、强化政府债务管理、实施全面改革成果体现到财政工作中。


རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།