ཧི་ནན་རྫོང་དང་མཚོ་སྔོན་ཞིང་ཆེན་ནང་སོག་ཚོང་ཚོགས་གཉིས་ཀྱིས་རྣམ་གྲངས་གན་འཇོག་གི་མཛད་སྒོ་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས18ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་དང་མཚོ་སྔོན་ཞིང་ཆེན་ནང་སོག་ཚོང་ཚོགས་གཉིས་ཀྱིས་ཟི་ལིང་དུ་རྣམ་གྲངས་གན་འཇོག་གི་མཛད་སྒོ་བསྡུས། རྣམ་གྲངས་ལ་སོག་གུར་ཐོན་སྐྱེད་དང་། སོག་ཡོན་རིག་གནས་ཉམས་ཞིབ། སྐྱེ་ལྡན་འབྲི་གཡག་རིགས་ཀྱི་ཟས་རིགས་ལས་སྣོན་བཅས་འདུ་ལ། གན་རྒྱའི་མ་དངུལ་སྒོར་དུང་ཕྱུར1.2ལ་སླེབས་ཡོད།

ཧི་ནན་རྫོང་ནི་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་ཡོད་སྟབས་ཁྱད་དུ་འཕགས་པའི་ས་བབ་གནས་ཡུལ་དང་། སྟབས་བདེ། མགྱོགས་མྱུར། དར་རྒྱས་ཆེ་བའི་འགྲིམ་འགྲུལ་དྲ་བ་ཡོད་ལ། དེ་ནི་རང་ཞིང་ནས་ནང་སར་སྐྱོད་པའི“ལྷོ་སྒོ་ཆེན་མོ”དང་། “སྐམ་སའི་གྲུ་ཁ”། “ཟམ་ཁའི་བཙན་རྫོང”ལྟ་བུ་ཞིག་རེད། ཉེ་བའི་ལོ་ཤས་རིང་། ཧི་ནན་རྫོང་གིས་སྐྱེ་ཁམས་ལེགས་ཆར་བརྟེན་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། སོག་བོད་སྨན་རྫས་ཐོན་ལས་དང་། ཆུ་གློག རླུང་གློག འོད་ཤུགས་གློག་གཏོང་སོགས་ལྗང་མདོག་ཡང་བའི་བཟོ་ལས་ཀྱི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཇེ་ཚང་དུ་བཏང་བ་མ་ཟད། ལུག་པགས་ཤོག་བུ་ཐོན་སྐྱེད་དང་ཤ་མོ་ཕོ་སུལ་འདེབས་འཛུགས་ནི་ཐོན་ལས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པར་གྱུར་ཡོད། སྤྱི་ཚོགས་ཡོངས་སུ་ལྗང་མདོག་ཐོན་སྐྱེད་དང་། ལྗང་མདོག་འཚོ་བ། ལྗང་མདོག་འཕེལ་རྒྱས་བཅས་ཀྱི་རྣམ་པ་ཞིག་ཆགས་ཡོད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།