ལིའུ་ཐོ་ཡིས་གུང་ཧོ་རྫོང་དུ་མུ་རི་གཏེར་ཁུལ་གྱི་རྩྭ་འདེབས་བསྐྱར་ལྗང་འབྲེལ་ཡོད་གྲ་སྒྲིག་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ཉིན། ཧྲིན་ཀྲང་གཞོན་པ་ལིའུ་ཐོ་ཡིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དུ་མུ་རི་གཏེར་ཁུལ་གྱི་རྩྭ་འདེབས་ལྗང་གསོའི་འབྲེལ་ཡོད་གྲ་སྒྲིག་བྱ་བར་རྟོག་ཞིབ་བྱེད་སྐབས་བསྟན་དོན། བློ་ཐག་རྦད་ཆོད་སྒོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བྱས་ཏེ། མཐོ་སྒང་གི་སྤུས་ལེགས་རྩྭ་སའི་ཐོན་ཁུངས་གསར་སྤེལ་གྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། སྤུས་ལེགས་རྩྭ་འབྲུ་གདམ་གསེས་བྱེད་པའི་གྲ་སྒྲིག་བྱ་བ་སྔ་མོ་ནས་དམ་འཛིན་བྱས་ནས། སྟོབས་ཤུགས་ཡོད་རྒུས་མུ་རི་གཏེར་ཁུལ་གྱི་རྩྭ་འདེབས་ལྗང་གསོ་བྱ་བར་འགན་སྲུང་བྱེད་དགོས་ཟེར།

ལིའུ་ཐོ་སོགས་སྔ་གཞུག་ཏུ་ཞིང་ཆེན་རྩྭ་ས་ལེགས་སྒྱུར་ཚོད་ལྟ་ས་ཚིགས་ཀྱི་ཕྱུགས་རྩྭ་ཚོད་ལྟ་ཁང་དང་ཕྱུགས་རྩྭ་ལག་ལེན་རྟེན་གཞི། མཐོ་སྒང་རྩྭ་སའི་སྐྱེ་ཁམས་གཏན་གནས་ལྟ་ཞིབ་ཚད་ལེན་ས་ཚིགས་སོགས་སུ་སོང་སྟེ་ཚོད་ལྟ་ཁང་འཛུགས་སྐྲུན་དང་རྩྭ་འབྲུ་གསོག་འཇོག་བྱས་ཚད། རི་སྐྱེས་རྩྭ་སའི་ཐོན་ཁུངས་འཚོལ་སྡུད། རྩྭ་སའི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་ཤིང་། མུ་རི་གཏེར་ཁུལ་དུ་སྤུས་ལེགས་རྩྭ་འབྲུ་གདམ་གསེས་བྱེད་པའི་བྱ་བའི་འཕེལ་རིམ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། ཚོད་ལྟ་ས་ཚིགས་ཀྱི་ལས་བྱེད་མི་སྣར་འཚམས་འདྲི་ཞུས། ཁོས་བསྟན་དོན། ཚན་རྩལ་གྱི་ནུས་པ་འདོན་པར་ཤུགས་སྣོན་ཞིང་དཔེ་སྟོན་སྣེ་ཁྲིད་ནུས་པ་ཇེ་ཆེར་གཏོང་བ་དང་། སྤུས་ཚད་ཁག་ཐེག་བྱས་ནས་མུ་རི་གཏེར་ཁུལ་དུ་རྩྭ་འདེབས་ལྗང་གསོ་བྱེད་པར་སྤུས་ལེགས་རྩྭ་འབྲུ་འདོན་སྤྲོད་ཀྱི་ལས་འགན་ཡོངས་འགྲུབ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།