མཚོ་སྔོན་ཞིང་ཆེན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་སྐུལ་འདེད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ།

མཚོ་སྔོན་ཞིང་ཆེན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་སྐུལ་འདེད་ལས་དོན་མགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ། 

省推动三江源国家公园设立 工作领导小组会议召开

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས17ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་སྐུལ་འདེད་ལས་དོན་མགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་ཐེངས་གཉིས་པ་འཚོགས་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱས་ཤིང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལས་དོན་གྱི་སྤྱིའི་འཕེལ་རིམ་གནས་ཚུལ་གྱི་སྙན་ཞུར་གསན། འབྲེལ་ཡོད་སྙན་ཞུར་གྲོས་ཞིབ་གནང་བ་དང་ཞིབ་ཕྲའི་ལས་འགན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་སྐུལ་འདེད་ལས་དོན་མགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཅན་ཅུན་གྱིས་ཚོགས་འདུ་གཙོ་སྐྱོང་མཛད་ཅིང་གསུང་བཤད་གནང་། ཧྲིན་ཀྲང་ངམ་མགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཞིན་ཁྲང་ཞིང་གིས་གསུང་བཤད་གནང་བ་དང་། མགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཡུས་ཚུང་ལེ་དང་ལིའུ་ཐའོ་ཚོགས་འདུར་ཞུགས། 

11月17日下午,省推动三江源国家公园设立工作领导小组召开第二次会议,学习贯彻习近平生态文明思想,听取三江源国家公园设立工作总体进展情况汇报,审议有关报告,研究部署具体任务。省委书记、省推动三江源国家公园设立工作领导小组组长王建军主持会议并讲话,省长、领导小组组长信长星讲话,领导小组副组长于丛乐、刘涛出席。

ཚོགས་འདུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་དང་པོའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་གི་དགོངས་དོན་བསྐྱར་དྲན་བྱས།ཚོགས་འདུས་བསྟན་དོན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་མཚོ་སྔོན་གྱི་གསོན་ཉམས་དོད་པའི་ལག་ལེན་ཞིག་དང་། ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་བཅངས་པའི་ཡིད་ཆེས་ཀྱི་མངགས་བཅོལ་ཞིག་ཡིན་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ། མཛེས་ལྡན་ཀྲུང་གོ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཇུས་འགོད་དང་། སྐུ་དངོས་སུ་བཀོད་སྒྲིག སྐུ་དངོས་སུ་སྐུལ་འདེད་བཅས་དང་། ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུའི་མཛུབ་ཁྲིད་དང་རྒྱབ་སྐྱོར་འོག མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ཞིང་ཚོད་ལྟའི་འགན་འཁྲི་དོན་འཁྱོལ་བྱས་ལ། སྒྱུར་བཅོས་ལས་འགན་ལ་དམིགས་ནས་“ཨར་ལས་རུ་དཔོན”ཡག་པོ་བྱས་ནས་སྐུལ་འདེད་ནུས་ལྡན་བཏང་སྟེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དང་ལག་ལེན་གྱི་གྲུབ་འབྲས། ལམ་ལུགས་ཀྱི་གྲུབ་འབྲས། སྒྱུར་བཅོས་ཀྱི་གྲུབ་འབྲས་བཅས་རབ་དང་རིམ་པ་ཐོན་ཡོད།

会议重温了习近平总书记致第一届国家公园论坛贺信精神。指出,三江源国家公园体制试点是习近平生态文明思想在青海的生动实践,是党中央对青海的信任重托,是推进生态环境保护、促进人与自然和谐共生、建设美丽中国的一项重要举措。在习近平总书记亲自谋划、亲自部署、亲自推动下,在中央和国家部委指导支持下,青海承担国家使命,落实试点责任,聚焦改革任务,当好“施工队长”,有力有效推进,形成了一系列生态文明建设的理论成果、实践成果、制度成果、改革成果。

ཚོགས་འདུས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལག་བསྟར་ནན་ཏན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ་སྒྱུར་བཅོས་སྔར་བས་གཏིང་ཟབ་དང་ཏན་ཏིག་སྒོས་སྤེལ་ནས་ཡིག་་རྒྱུགས་ཡག་པོ་སྤྲོད་རྒྱུར་འགན་ལེན་བྱེད་དགོས།

会议强调,要认真贯彻习近平总书记重大要求,坚决落实党中央决策部署,进一步深化改革、走深走实,确保如期交上圆满答卷。


རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།