ཞིན་ཁྲང་ཞིང་གིས“ལོ་ལྔ་ཚན་བཅུ་བཞི་པའི”དཔལ་འབྱོར་སྤྱི་ཚོགས་འཆར་འགོད་ཁྱབ་ཁོངས་ཀྱི་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུའི་སྟེང་གསུང་བཤད་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས“ལོ་ལྔ་ཚན་བཅུ་བཞི་པའི”དཔལ་འབྱོར་སྤྱི་ཚོགས་འཆར་འགོད་ཁྱབ་ཁོངས་ཀྱི་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་མཛད་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཉེ་དུས་སུ“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བཟོ་འགོད་ལ་དམིགས་ནས་སྤེལ་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་ཧུར་ཐག་གིས་ཞུགས་པ། “ཆེས་ཆེ་བ་གསུམ”གྱི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པའི་སྒོ་ནས་རང་ཞིང་གི“ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་ཀྱི་འཆར་གཞི་ཞིབ་མོ་ཇུས་འགོད་ཡག་པོ་བྱས་ཏེ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པའི་ཁྲོད་ནུས་ཤུགས་ཡོད་རྒུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་ནན་གྱིས་གསུངས།

བཞུགས་མོལ་ཚོགས་འདུའི་ཐོག ཞིང་ཆེན་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཝང་ཤིན་ཕིང་དང་། ཞིང་ཆེན་སྲིད་གཞུང་གི་སྲིད་ཞུགས་པ་ཀའོ་ཚུང་ཧྥུ་དང་། ཀྲའོ་ཉན་ནོང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གསོའི་མགོ་གཙོ་དབྱང་ཧུང་རེན། ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་མགོ་གཙོ་གཞོན་པ་སུན་ཧྥ་ཕིང་། མཚོ་སྔོན་ནུས་ཁུངས་གསར་པ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཏང་ཅན་གོ། ཀྲུང་གོ་ཚན་རིག་ཁང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀྲོའུ་ཧྭ་ཁུན། ཞིང་ཆེན་མཐོ་སྒང་ས་ཁམས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཝུའུ་ཅན་ཧའེ། མཚོ་སྔོན་དགེ་ཐོན་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་གི་གླིང་གཙོ་ཝང་ཧྲི་ཡུང་། མཚོ་སྔོན་མི་རིགས་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་གི་གླིང་གཙོ་ལི་ཅུན་ཧྥུང་། མཚོ་སྔོན་སློབ་ཆེན་སྐྱེ་ཁམས་ཁོར་ཡུག་བཟོ་སྐྲུན་སློབ་གླིང་གི་དགེ་རྒན་ཆེན་མོ་ལི་ཁྲང་ཀྲུང་། མཚོ་སྔོན་སློབ་ཆེན་ནོར་དཔལ་སློབ་གླིང་གི་དགེ་རྒན་ཆེན་མོ་ཆུས་པོ། རྒྱལ་ཁབ་གསར་སྤེལ་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་གི་མགོ་གཙོ་གཞོན་པ་ཝང་ཆིང་ཧྥེང་། མཚོ་སྔོན་དངུལ་ཁང་འཕེལ་རྒྱས་འཆར་འགོད་པུའུ་ཡི་སྤྱི་གཉེར་གཞོན་པ་ཧན་ཀོ་ཏུང་སོགས་དཔལ་འབྱོར་དང་སྤྱི་ཚོགས་ཁྱབ་ཁོངས་ཀྱི་ཆེད་མཁས་པ14ཡིས་སྔ་རྗེས་སུ་གཏམ་བཤད་སྤེལ་ཏེ། རང་ཞིང་གི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྒྲིག་བཟོ་སོགས་ལ་བསམ་འཆར་དང་གྲོས་གཞི་ལེགས་པར་བཏོན།    

ཞིན་ཁྲང་ཞིང་གིས་ཆེད་མཁས་པའི་གཏམ་བཤད་ལ་ལེགས་པར་གསན་ནས་ནན་གྱིས་གསུང་དོན། རང་ཞིང་གི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྒྲིག་བཟོ་ཡག་པོ་བྱེད་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པའི་ཁྲོད་ནས་གནས་ཕྱོགས་གསལ་སྟོན་དང་ཐབས་ཇུས་སྡུར་བ། ཞིང་ཆེན་གྱི་གནས་ཚུལ་ལ་ཞིབ་འཇུག་བརྡར་གཅོད་བྱེད་པའི་ཁྲོད་དུ་གནས་ཐིག་གཏན་ཁེལ་དང་བྱས་འབྲས་མངོན་པ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་གཙོ་གནད་དམ་འཛིན་དང་འགག་སྒྲོལ་བརྩོན་པར་བྱས་ཏེ། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཚན་རིག་དང་མཐུན་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱེད་པ། འཕེལ་རྒྱས་ཀྱི་གནས་སྟངས་གསར་པའི་ནང་ཧུར་ཐག་གིས་ཞུགས་པ། བཅོས་བསྒྱུར་སྒོ་འབྱེད་གསར་གཏོད་ཟབ་མོར་སྤེལ་བ་བཅས་བྱེད་དགོས། ཞིང་ཆེན་གྱི་གནས་ཚུལ་ངེས་གནས“ཆེས་ཆེ་བ་གསུམ”ལ་གཞི་ཚུགས་ཏེ། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་དང་། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་མཐོ་ས། ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱེད་ས། རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་སྤྲོ་གསེང་ཁུལ་བཅས་ལེགས་པར་བསྐྲུན་ནས།ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཡག་པོར་སྐྱོད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། སྤུས་ལེགས་པའི་སྤྱི་པའི་ཐོན་ཁུངས་དང་ཞབས་ཞུ་མཁོ་འདོན་བྱེད་ཤུགས་ཆེ་རུ་གཏོང་བ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བཅས་བྱས་ནས།སྤྱི་ཚོགས་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་གསུངས། 

ཧྲིན་ཀྲང་གཞོན་པ་ཁོང་ཡུང་དང་། ཝང་ལི་མིང་། ཀྲང་ལི་བཅས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད། །


རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།