ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་མཚོ་སྔོན་དུ་སྒྲོག་འགྲེལ་བྱས།

微信图片_20201113092544.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས11ཉིན་གྱི་སྔ་དྲོར། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་འཚོགས། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་རྒྱུན་གཏན་ལས་དོན་ལས་བགོ་འགན་གཉེར་པུའུ་ཀྲང་གཞོན་པ་ཅང་ཞིན་ཀྲི་ཡིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་བྱེད་པའི་སྒྲོག་འགྲེལ་སྙན་ཞུ་གནང་ཞིང་།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་གྱིས་སྙན་ཞུའི་ཚོགས་འདུར་མགོ་འཛིན་མཛད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་ཞིན་ཁྲང་ཞིང་ཚོགས་འདུར་ཞུགས།

སྙན་ཞུའི་ཚོགས་འདུའི་སྟེང་། ཅང་ཞིན་ཀྲི་ཡིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི་《གྲོས་གཞི་》སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་ནས། རང་རྒྱལ་གྱི་“ལོ་ལྔ་ཚན་བཅུ་གསུམ་པའི་”རིང་ཐོབ་པའི་གྲུབ་འབྲས་མངོན་གསལ་ལ་ངོས་འཛིན་གཏིང་ཟབ་བྱས་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི་”རིང་གི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་གྱི་ཁྱད་ཆོས་གསར་པ་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ་ནས་མགོ་བརྩམས་ཏེ། 2035ལོའི་རྒྱང་རིང་དམིགས་འབེན་དང་“ལོ་ལྔ་ཚན་བཅུ་བཞི་པའི་”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་སློབ་སྟོན་བསམ་བློ། གཞི་རྩའི་རྩ་དོན། དམིགས་འབེན་གཙོ་བོ། ལས་འགན་གཙོ་བོ་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། བསྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་མཐའ་འཁྱོངས་སོགས་ལ་རྒྱུད་རིམ་ལྡན་པའི་སྒྲོག་འགྲེལ་དང་འཆད་འགྲེལ་གཏིང་ཟབ་བྱས་པ་རེད།

ཝང་ཅན་ཅུན་གྱིས་སྙན་ཞུའི་ཚོགས་འདུར་མགོ་འཛིན་གནང་སྐབས་བསྟན་དོན། སྒྲོག་འགྲེལ་སྙན་ཞུའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་གཟིགས་རྒྱང་རིང་བའི་ཐབས་མཁས་ཀྱི་བློ་གྲོས་དང་། ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེན་གྱི་གཟི་བརྗིད་ཡང་དག་ཡིན་ལུགས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཁྱད་དུ་འཕགས་ཚུལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་གསུངས་པར་མ་ཟད། དུས་བསྟུན་མདུན་སྐྱོད་ཀྱིས་“གནས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པ་དང་“ཡོངས་ཁྱབ་བཞིའི་”འཐབ་ཇུས་བཀོད་པ་འཐུས་ཚང་དུ་གཏོང་བའི་ཐབས་ཤེས་དང་ཐབས་ལམ་གསུངས་ཤིང་། མི་དམངས་ལྟེ་བར་བཟུང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་སྐྱོད་པ་དང་མཛེས་སྡུག་ལྡན་པའི་འཚོ་བའི་ཐོག་མའི་བསམ་འདུན་གྱི་འགན་འཁྲི་དང་། ཀྲུང་གོ་འཛམ་གླིང་གར་སྟེགས་ཀྱི་དཀྱིལ་དབུས་སུ་བསྐྱོད་པའི་སྤོབས་ཉམས་བཅས་གསུངས་པ་རེད། ཏང་ཀྲུང་དབྱང་གི《གྲོས་གཞི་》དེ་མི་ཚང་མ་དང་འབྲེལ་བ་དམ་ཟབ་ཡོད་པས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་ཡག་པོ་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྒྲོག་འགྲེལ་གྱི་བརྗོད་དོན་ལྟར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་སྟོན་དུ་བཟུང་སྟེ། མ་ཡིག་ཀློག་པ་དང་རྩ་བའི་རིགས་པ་རྟོགས་པ། ཐོག་མའི་གསར་རྩོམ་གཙིགས་སུ་འཛིན་པ་བཅས་ཟུང་འབྲེལ་དམ་ཟབ་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་མཚོ་སྔོན་དུ་རྩ་བ་ཚུགས་པ་དང་རྩེ་མོ་རྒྱས་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད།

ཚེས11ཉིན་གྱི་ཕྱི་དྲོར། ཅང་ཞིན་ཀྲི་མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་ཁོངས་གཏོགས་སློབ་འབྲིང་དུ་ཕྱིན་ནས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། སློབ་མ་ཆེ་འབྲིང་ཏང་ནང་ཞུགས་པ་སོགས་ཀྱི་སྐོར་གླེང་ནས། སློབ་གྲྭར་ཡོད་པའི་དགེ་སློབ་དང་ངོ་ཐུག་གདོང་འཕྲད་ཀྱིས་བཞུགས་མོལ་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།