ཐེམ་ཆེན་རྫོང་གི་བརྙན་ཕབ་པ་ཞིག་ལ་རྒྱལ་སྤྱིའི་སྐྱེ་ཁམས་རིགས་ཀྱི་བྱ་དགའ་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས7ཉིན། གསར་འགོད་པས་ཐེམ་ཆེན་རྫོང་ཨུ་དྲིལ་སྒྲོག་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉིན་ཤས་སྔོན་གྱི་ཡོ་རོབ་བརྙན་ཕབ་སློབ་ཚོགས་ཀྱིས་གཉེར་བའི2020ལོའི་སྐྱ་མི་བྱ་དགའི་རྒྱལ་སྤྱིའི་པར་ལེན་འགྲན་བསྡུར་སྐབས་གསུམ་པའི་སྟེང་ཐེམ་ཆེན་རྫོང་བརྙན་ཕབ་མཁས་པའི་མཐུན་ཚོགས་ཀྱི་ཁོངས་མི་ཚའེ་ཧའེ་ཡུང་གི་བརྩམས་ཆོས《རི་བོང་མ་བུ་གཉིས》ལ་སྐྱེ་ཁམས་རིགས་ཀྱི་ཕུལ་བྱུང་བྱ་དགའ་ཐོབ།

ཚའེ་ཧའེ་ཡུང་ནི་ཐེམ་ཆེན་རྫོང་བརྙན་ཕབ་མཁས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་མོ་ཡིན་ལ། དུས་ཡུན་རིང་པོར་ཐེམ་ཆེན་རྫོང་ནས་འཚོ་བ་རོལ་བས་ཕ་ཡུལ་ལ་དགའ་ཞེན་ཆེ་ཞིང་། ས་གནས་དེ་གའི་ཁོར་ཡུག་ལ་རྒྱུས་མངའ་ཆེན་པོ་ཡོད། ཁོང་ནི་བརྩོན་པ་ཆེ་ཞིང་སྙིང་རུས་ལྡན་པ་ཞིག་ཡིན་པས། རང་ཉིད་དགའ་བའི་བརྙན་པར་རེ་ལེན་ཆེད་ཉིན་གང་པོར་བསྒུགས་པའི་སྐབས་ཀྱང་ཡོད། འདི་དག་ཐམས་ཅད་ཀྱིས་ཁོང་གི་བརྙན་ཕབ་དགའ་ཕྱོགས་ཀྱི་གྲུབ་འབྲས་བསྐྲུན་པ་རེད། 

ཉེ་བའི་ལོ་ཤས་རིང་ལ། ཐེམ་ཆེན་རྫོང་བརྙན་ཕབ་མཁས་པའི་མཐུན་ཚོགས་ཀྱི་ཁོངས་མི་རྣམས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྐོར་གྱི་བརྙན་ཕབ་བརྩམས་ཆོས་མང་པོར་རྒྱལ་སྤྱིའི་བརྙན་ཕབ་འགྲན་བསྡུར་ཆེན་མོའི་ནང་བྱ་དགའ་ཡང་ཡང་ཐོབ། དེ་ནི་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་ཐེམ་ཆེན་ཁོངས་གཏོགས་སུ་འཚོ་བ་སྐྱེལ་བཞིན་པའི་ས་མཐོའི་བུ་ཕྲུག་ཚོས་སྐྱེ་ཁམས་ཀྱི་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་འདུ་ཤེས་ཇེ་མཐོ་དང་། ཐེམ་ཆེན་རྫོང་གིས་སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་བསྐྱོད་རྒྱུའི་འཐབ་ཇུས་མཐའ་འཁྱོངས་བྱས་པ་ལས་ཐོབ་པ་རེད། མཛེས་སྡུག་ལྡན་པའི་རི་ཆུ་མཛེས་ལྗོངས་དང་རི་སྐྱེས་སྲོག་ཆགས་ཀྱི་སྐྱེ་འཕེལ་འཚོ་གནས་ནི་མཛེས་སྡུག་ལྡན་པའི་མཚོ་སྔོན་དང་དྭངས་གཙང་ཐེམ་རྫོང་གི་མིང་བྱང་ཡག་ཤོས་ཤིག་ཏུ་གྱུར་འདུག །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།