ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས10ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་བྱེད་ཐབས་ལ་ཞིབ་འཇུག འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་ཚོགས་འདུར་འགོ་མཛིན་གནང་།
ཚོགས་འདའི་སྟེང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་ཀྱི་དུས་ཡུན་འབྲིང་རིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འཐབ་ཇུས་ཀྱི་གནད་དོན་གལ་ཆེན་འགའི་སྐོར་གྱི་རྩོམ་ཡིག་གལ་ཆེན་ཐད་ནས། ཡུན་རིང་བོའི་འཐབ་ཇུས་ཀྱི་བསམ་བློ་དང་བདེ་སྡོད་ཉེན་བསམ་གྱི་མ་མཐའི་བསམ་བློ། དོན་ཆེན་དམ་འཛིན་བྱེད་པའི་ཁྲིད་ཕྱོགས་བསམ་བློ་མངོན་པར་བྱས་ཤིང་། ང་ཚོས་མིག་སྔར་གྱི་དོན་ཆེན་དམ་འཛིན་བྱེད་པ་དང་མ་འོངས་པའི་སྲིད་ཇུས་ལ་འཆར་འགོད་བཟང་བོ་བྱེད་པའི་ཐད་ཁ་ཕྱོགས་གསལ་བོ་བསྟན་པ་དང་བྱེད་ཐབས་བཟང་བོ་འདོན་སྤྲོད་བྱས། རྩོམ་ཡིག་གལ་ཆེན་སློབ་སྦྱོང་བྱེད་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་བྱེད་པ་གཉིས་ཟུང་འབྲེལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་ལས་དོན་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དང་ཟུང་འབྲེལ་བྱེད་པ། རང་ཞིང་གི་ལོ་ལྔ་ཚན་བཅུ་བཞི་བ་དང་ཟུང་འབྲེལ་བྱས་ནས། དུས་རབས་གསར་བ་དང་དུས་རིམ་གསར་བར་འདུ་ཤེས་གསར་བ་དང་རྣམ་པ་གསར་བར་བརྟེན་ནས་མཚོ་སྔོན་གྱི་བྱ་བའི་རྣམ་པ་གསར་བ་གྲུབ་པར་བྱེད་དགོས་པར་བསྟན།
ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོས་རྒྱལ་སྤྱི་ནང་འདྲེན་འགྲེམ་ཚོགས་སྐབས་གསུམ་པ་འཚོགས་འགོ་རྩོམ་པའི་མཛད་སྒོའི་སྟེང་གནང་བའི་གསུང་བཤད་དེས། ད་ལོའི་རིམས་ནད་དམིགས་བསལ་གྱི་རྒྱབ་ལྗོངས་འོག འཛམ་གླིང་ཡོངས་ལ་ཀྲུང་གོས་ཁྱོན་ཡོངས་ནས་སྒོ་འབྱེད་རྒྱ་བསྐྱེད་པའི་འགུལ་སྐྱོད་བརྟན་པོ་ངོམས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་སྒོ་འབྱེད་མཉམ་ལས་དང་མཐུན་སྒྲིལ་མཉམ་རྒྱལ་གྱི་ཀྲུང་གོའི་འདོད་བློ་བརྒྱུད་བསྒྲགས་བྱས་པ་ཡིན་པས། གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྒོ་འབྱེད་ཁོང་ཡངས་དང་གསར་གཏོད་ཀྱི་རྣམ་འགྱུར་ལ་བརྟེན་ནས་མཚོ་སྔོན་ལ་དངོས་པོའི་རྨང་གཞི་བརྟན་པོ་འདིང་པ་དང་། མཚོ་སྔོན་གྱི་ཉོ་ཚོང་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ། མཚོ་སྔོན་ལ་མིའི་འདེགས་སྐྱོར་བཟང་བོ་བྱེད་པ། སྒོ་འབྱེད་ཁྲོད་གོ་སྐབས་གསར་བ་བསྐྲུན་པ་དང་། ཁུལ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་ཟབ་མོ་བྱེད་པ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་འདྲེས་པར་བྱེད་པ། ཧུར་ཐག་གིས་སྤྱི་ཡོངས་ནས་ས་ཁོངས་གཅིག་ལ་འཆར་འགོད་བྱེད་པ་དང་ས་ཁོངས་གཅིག་གིས་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས། རང་རྒྱལ་གྱི་ཁྱོན་ཡོངས་ནས་སྒོ་འབྱེད་རྒྱ་བསྐྱེད་པ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པའི་ཐད་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས་པར་བསྟན།
ཚོགས་འདུའི་སྟེང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་ཀྱི་མི་འབོར་ཡོང་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་ཐོ་འགོད་ལ་ཞུགས་སྐབས་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནི། ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་བྱེད་པའི་དོན་སྙིང་གལ་ཆེན་གྱི་གསལ་བཤད་ཡིན་ལ། སྤྱི་ཚོགས་ཡོངས་ཀྱིས་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་ལ་གཞོགས་འདེགས་བཟང་བོ་བྱེད་པའི་འགུལ་སྐྱོད་དཔེ་སྟོན་ཡང་ཡིན་པས། ཞིང་ཆེན་གོང་འོག་ཡོངས་ཀྱིས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་དེ་ཏང་དང་རྒྱལ་ཁབ་ཀྱི་དོན་ཆེན་དུ་བརྩི་བ་དང་། ལོ་ལྔ་ཚན་བཅུ་བཞི་བ་འཆར་འགོད་བྱེད་པའི་ཆེས་རྨང་གཞིའི་ཆ་འཕྲིན་དུ་བརྩི་བ། འགོ་ཁྲིད་ལས་བྱེད་པས་འགོ་ཁྲིད་ཀྱི་ནུས་པ་རྒྱུན་འཁྱོངས། སྤྱི་ཚོགས་ཀྱི་མི་ཡོངས་ལ་སྣེ་ཁྲིད་བཅས་བྱས་ཏེ། རྒྱལ་ཁབ་ཆེན་པོས་མིང་འབོད་དུས་མི་གཅིག་ཀྱང་མི་ལུས་པ་ཁག་ཐེག་བྱེད་དགོས། ཚན་རིག་དང་མཐུན་པ་དང་ཁྲིམས་ལྟར་གནད་ལ་ཕིགས་པར་བྱེད་པ་དང་། དུས་ཐོག་ཏུ་སྤྱི་སྡོམ་དང་ཞིབ་འཇུག་བྱེད་པ་དང་གནད་དོན་ཐག་བཅད་དེ། སྤུས་ཚད་བཟང་བའི་སྒོ་ནས་ཡོངས་ཁྱབ་ཞིབ་བཤེར་གྱི་ཚད་ལྡན་རྒྱུགས་ལན་སྤྲོད་དགོས་པར་བསྟན།
ཚོགས་འདུའི་སྟེང་ཀྲུང་དབྱང་ཡོངས་ཁྱབ་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཅོས་བསྒྱུར་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། དངོས་སུ་ལས་ཁུངས་འཛུགས་པ། དངོས་སུ་འཆར་འགོད་བཟང་བོ་བྱེད་པ། དངོས་སུ་བྱ་བ་བཟང་བོ་བསྒྲུབ་ནས། བཅོས་བསྒྱུར་གྱི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཀོད་སྒྲིག་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལེན་པ་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་འབྱུང་བར་བྱེད་དགོས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་དང་ཏང་གི་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་བྱ་བ་ཟབ་མོར་སྤེལ་དགོས། ཏང་ཀྲུང་དབྱང་གི་རེ་བ་ཚད་གཞིར་བྱེད་པ་དང་། ལོ་ལྔ་ཚན་བཅུ་བཞི་བའི་གྲོས་གཞི་དང་ཟུང་འབྲེལ། གནས་ཚུལ་དངོས་ལ་རྐང་འཛུགས་པ་དང་དངོས་ཐོག་བདེན་འཚོལ་བྱེད་པ་རྒྱུན་འཁྱོངས། གནས་བབ་དང་བསྟུན་ནས་འཚོལ་ཞིབ་བཟང་བོ་བྱེད་པ། གསར་གཏོད་ཀྱི་བསམ་བློ་དང་བཅོས་སྒྱུར་གྱི་བྱེད་ཐབས་ལ་བརྟེན་ནས་བྱ་བའི་ཁྲོད་ཀྱི་དཀའ་ཁག་ཐག་གཅོད་པ་དང་། མུ་མཐུད་དུ་བཅོས་སྒྱུར་ཟབ་མོར་སྤེལ་བ། མཚོ་སྔོན་ཁྱད་ཆོས་ཀྱི་བཅོས་སྒྱུར་ལམ་བུར་ཞུགས་པ། རྒྱལ་ཡོངས་སུ་མིང་ཡོད་པའི་བཅོས་སྒྱུར་གྱི་དཔེ་གཞི་འཛུགས་སྐྲུན། མཚོ་སྔོན་གྱི་རྒྱལ་ཁབ་ཀྱི་སྤྱོ་ཡོངས་ཀྱི་གནས་ཐིག་གཏན་ཁེལ་བཙལ་ནས། མཚོ་སྔོན་གྱི་བྱ་བའི་ཐད་སྐྱེས་སྟོབས་དང་གསོན་ཤུགས་ལྡན་པར་བྱེད་དགོས་པར་བསྟན།
ཚོགས་འདུའི་སྟེང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལིས་ཁི་ཆང་གི་ཞིང་སྡེ་ས་ཞིང་ལམ་ལུགས་བཅོས་སྒྱུར་སྤེལ་བ་དང་ཞིང་སྡེའི་འགན་ལེན་ས་ཞིང་དོ་དམ་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱིས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་གསུམ་བྱ་བའི་ཐད་ཧ་ཅང་མཐོང་ཆེན་བྱེད་པ་མཚོན་པར་བྱས་ཡོད། གཅིག་གྱུར་བཀོད་སྒྲིག་ལྟར། ཁྲིམས་ལྟར་ཞིང་བའི་ཁེ་དབང་སྲུང་སྐྱོབ་བྱེད་རྒྱུ་དེ་འགོ་རྩོམ་ས་དང་རྐང་འཛུགས་ས་རུ་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཞིང་སྡེའི་ས་ཞིང་ཞིང་བར་དབང་བའི་ལམ་ལུགས་གཡོ་འགུལ་མི་བྱེད་པ། ཁྱིམ་ཚང་འགན་ལེན་བདག་གཉེར་རང་བཞིན་གྱི་གོ་གནས་གཡོ་འགུལ་མི་བྱེད་པ། དབང་ཆ་གཏན་ཁེལ་དང་འཛིན་བྱང་སྟེར་བའི་མཇུག་བསྡུ་བྱ་བ་མུ་མཐུད་བཟང་བོར་བསྒྲུབ་པ། དྲིལ་སྒྲོག་སྣེ་ཁྲིད་རྒྱ་ཆེར་བྱེད་པ། དབང་ཆ་གཏན་ཁེལ་གྱི་གྲུབ་འབྲས་བཟང་བོ་སྤྱོད་པ། ཁྲིམས་ལྟར་ལོ་རྒྱུས་ཀྱི་ཤུལ་བཞག་གནད་དོན་ཐག་གཅོད་པ། ཞིང་སྡེའི་འགན་ལེན་ས་ཞིང་དོ་དམ་དང་བཅོས་སྒྱུར་བྱ་བ་རྒྱུན་མ་ཆད་པར་ཟབ་མོར་སྤེལ་བ། འགན་ལེན་དུས་ཚོད་ལོངས་པའི་སྐོར་ཐེངས་གཉིས་པའི་འགན་ལེན་ས་ཞིང་གི་འགན་ལེན་དུས་ཚོད་རྒྱུན་བསྲིང་བའི་བྱ་བར་འཆར་འགོད་བཟང་བོ་བྱས་ཏེ། ཞིང་བའི་ཐོབ་ཚོར་དང་བདེ་སྣང་། སྐྱིད་སྣང་ཇེ་མཐོར་གཏོང་དགོས་པར་བསྟན།
ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་བྱེད་པའི་ཞིབ་དཔྱད་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་ཞིབ་དཔྱད་བྱ་བའི་སྲོལ་ཡིག་ལག་ལེན་མཐར་ཕྱིན་བྱེད་ པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་དང་བློ་མཐུན་ཁྲིན་ཞི་ཡི་གཏམ་བཤད་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཆབ་སྲིད་རང་བཞིན་དང་སྣེ་ཁྲིད་རང་བཞིན། ཁ་གཏད་རང་བཞིན་ཇེ་དྲག་ཏུ་གཏོང་བ། ཞིབ་དཔྱད་ཀྱི་གཙོ་གནད་འབུར་དུ་ཐོན་པ། ཞིབ་དཔྱད་བྱེད་ཐབས་ལེགས་སྒྱུར། གྲུབ་འབྲས་བཀོལ་སྤྱོད་ལ་ཤུགས་སྣོན་པ། སྟབས་བདེ་དང་དངོས་གཉེར་གོ་ཆོད། གཟིགས་བཟོས་ཉེས་ཆད་གསལ་འབྱེད། ཆབ་སྲིད་གྲུབ་འབྲས་ཀྱི་ལྟ་བ་ཡང་དག་དེ་ཆབ་སྲིད་གྲུབ་འབྲས་དང་བྱ་བའི་གྲུབ་འབྲས་ཀྱི་ཚད་གཞིར་བཟུང་ནས། ལས་བྱེད་པའི་ཞིབ་དཔྱད་ཀྱི་བཀོད་འདོམས་དང་ཕྱོགས་སྟོན། སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པར་བསྟན།
ཚོགས་འདུའི་སྟེང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་དག་གི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་འབྲེལ་ཡོད་ལས་དོན་དང་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་ཀྱི་འབྲེལ་ཡོད་བྱ་བ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཙུའུ་ཡིས་ལས་ཁུངས་ཀྱི་ཏང་འཛུགས་གཙོ་གཞི་འགན་འཁྲི་ལག་བསྟར་བྱེད་པའི་རྟོག་ཞིབ་ལྟ་སྐུལ་བྱ་བར་ཞིབ་འཇུག་བྱས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་དྲིལ་སྒྲོག་ལག་བསྟར་བྱ་བའི་ཇུས་གཞི་དང་ཞིང་ཆེན་ཡོངས་ཀྱི་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེ་བྱ་བའི་མཛུབ་ཁྲིད་གྲོས་གཞི་ལ་གྲོས་ཞིབ་བྱས་པ་མ་ཟད། བྱ་བ་གཞན་པར་ཞིབ་འཇུག་བྱས་པ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་བསྡུས།