ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་བརྟག་ཞིབ་ཚན་ཆུང་གིས་མཚོ་སྔོན་གཅན་ཚ་རུ་སྤྱི་ཚོགས་བཅོས་སྐྱོང་བྱ་བར་བརྟག་ཞིབ་གནང་།

1605060105745048.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས10ཉིན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ཅུའུ་ཡི་ཅུས་ཀྲང་གཞོན་པ་ལིས་ཅུན་འཁོར་དང་བཅས་པ་གཅན་ཚ་རྫོང་དུ་ཕྱིན་ནས་བོད་འབྲེལ་སྤྱི་ཚོགས་བཅོས་སྐྱོང་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ལིག་པའོ་ཁྲིན་དང་། རྨ་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀླུ་འབུམ་རྒྱལ། ཁུལ་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཧྲི་ཏ་ཚུན། གཅན་ཚ་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དཔའ་འབུམ། རྫོང་ཏང་ཨུའི་རྒྱུན་ཨུའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གདུགས་དཀར་སྐྱབས། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པའམ་སྤྱི་བདེ་ཅུའུ་ཡི་ཅུའུ་ཀྲང་ཝང་ཝུན་ཡན་སོགས་བརྟག་ཞིབ་ཏུ་འགྲོ་རོགས་བྱས།

གཅན་ཚ་རྫོང་མི་དམངས་འདུམ་འགྲིག་ལྟེ་གནས་སུ་བརྟག་ཞིབ་ཚན་ཆུང་གིས“བཅའ་ཁྲིམས་གཉིས་+དམིགས་བསལ་གདན་ཞུའི”འགལ་བ་དང་རྩོད་གཞི་འདུམ་འགྲིག་བྱེད་སྟངས་བཙུགས་པའི་འཁོར་སྐྱོད་གནས་ཚུལ་ལ་ཞིབ་ཕྲའི་ཤེས་རྟོགས་གནང་བ་དང་འབྲེལ་བརྙན་ལམ་བརྒྱུད། གཅན་ཚ་རྫོང་གིས་ནན་ཏན་གྱིས་དཔུང་ཁག་གི་གནད་དོན་ཤེས་རྟོགས་དང་འགལ་ཟླ་སྣ་ཚོགས་སེལ་བ། གཞི་རིམ་གྱི་མི་དམངས་མང་ཚོགས་ཀྱི་ཞུ་གཏུག་དཀའ་ངལ་ཇེ་ཡང་དུ་བཏང་བ། ཁྲིམས་འཛིན་སྲིད་སྐྱོང་ལས་ཁུངས་ཀྱི་ཁུར་པོ་ཡང་དུ་བཏང་བ། འགལ་བ་དང་རྩོད་གཞི་སེལ་བའི་ལས་ཆོད་ཆེ་རུ་བཏང་བ་བཅས་ཀྱི་གསར་གཏོད་བྱེད་ཐབས་སྤྱད་པར་རྒྱུས་ལོན་གནང་།

མར་ཁུ་ཐང་མངགས་གཏོང་ཁང་དུ། བརྟག་ཞིབ་ཚན་ཆུང་གིས“ཧྥེང་ཆའོ་རྣམ་པའི་མངགས་གཏོང་ཁང་གིས་དྲ་མིག་འཛུགས་སྐྲུན་རྨང་གཞིར་བཟུང་ནས། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱེད་ཐབས་བརྒྱུད་ཁོངས་གཏོགས་ཁུལ་གྱི་གནས་ཚུལ་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱས་པ་དང་། སྤྱི་ཚོགས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་། སྤུས་ལེགས་ཞབས་ཞུ་མཁོ་འདོན་བྱེད་པ་སོགས་ཀྱི་གསར་གཏོད་བྱེད་ཐབས་དང་། “བདེ་འཇགས་གནས་ཚུལ། ཞབས་ཞུའི་ལས་གནས་མི་སྟོང་བ། འགལ་བ་གོང་རིམ་ལ་མི་སྤྲོད་པ”བཅས་ཀྱི་ལག་ལེན་གྱི་ཉམས་མྱོང་ལ་ཉན་པ་རེད།

ཁང་དབྱང་གྲོང་རྡལ་མི་དམངས་སྲིད་གཞུང་དུ་བརྟག་ཞིབ་ཚན་ཆུང་གིས“རིམ་ལྔའི་ལམ་ལུགས”ཀྱི་བཅོས་སྒྲིག་བྱེད་སྟངས་དང“གྲོང་སྲོལ་དམངས་གྲོས”ཀྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྲོལ་རྙིང་བསྒྱུར་བ་དང་། གོམས་ངན་དོར་བ། སྲོལ་གསར་འཛུགས་པ་བཅས་ཀྱི་སྒོ་ནས་ཡུལ་སྲོལ་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་ཐོན་པར་ཉན་པ་དང་ཤེས་རྟོགས་གནང་།

ལིས་ཅུན་འཁོར་དང་བཅས་པས་གཅན་ཚ་རྫོང་གི་ཉེ་བའི་ལོ་ཤས་རིང་སྤྱི་ཚོགས་བཅོས་སྐྱོང་གི་གསར་གཏོད་བྱེད་ཐབས་དང་དེར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་དང་ཚད་མཐོའི་གདེང་འཇོག་གནང་བ་མ་ཟད། ཁོང་གིས་“བཅའ་ཁྲིམས་གཉིས་+དམིགས་བསལ་གདན་ཞུས་”ཀྱི་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་བྱེད་སྟངས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། “ཧྥེང་ཆའོ་ཡི་ཉམས་མྱོང་”ཕུན་སུམ་ཚོགས་པའི་ནང་དོན་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་བ། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཆ་འཕྲིན་ཅན་དུ་བསྒྱུར་བའི་འཛུགས་སྐྲུན་ཆུ་ཚད་རྒྱུན་མཐུད་ངང་སྲ་བརྟན་དང་ཇེ་མཐོར་གཏོང་བ། གཞི་རིམ་དྲ་མིག་ཅན་གྱི་ཞབས་ཞུའི་སྤུས་ཚད་རྒྱུན་མ་ཆད་པར་ཇེ་མཐོར་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་བསྒྱུར་བའི་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།