ལིས་ཅེ་ཞང་གིས་མུ་རི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་ཁྲིད་དེ། མུ་རི་གཏེར་ཁུལ་དང་མཚོ་ནུབ་ཁུལ་གཏེར་ལེན་ཁ་པད་ཧྲུའུ་རི་བོ། ཏ་ཚ་འདམ་ཏ་ཐིག་དབྱང་སོལ་ལས་བཅས་སུ་ཕྱིན་ནས། མུ་རི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་རྒྱུད་ཀྱི་མཚོ་ནུབ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱེད་སྐབས་ནན་གྱིས་བསྟན་དོན། ཚན་རིག་དང་མཐུན་པའི་སྒོ་ནས་སྐྱེ་ཁམས་བཅོས་སྐྱོང་བཟང་བོ་བྱས་ཏེ། སྤུས་ཚད་མཐོན་པོ་དང་ཚད་གཞི་མཐོན་པོ། ཕན་འབྲས་མཐོན་པོའི་སྒོ་ནས་དུས་རིམ་རང་བཞིན་གྱི་བཅོས་སྐྱོང་དམིགས་འབེན་ཡོངས་འགྲུབ་བྱེད་དགོས་པར་བསྟན།

ལིས་ཅེ་ཞང་མུ་རི་གཏེར་ཁུལ་གྱི་བཅོས་སྐྱོང་བྱེད་གནས་རེ་རེར་སླེབས་དུས། བཅོས་སྐྱོང་གནས་ཚུལ་དང་སྤུས་ཚད་ལ་ལྟ་ཞིབ་བྱས་པ་མ་ཟད། ཕྱོགས་བསྡུས་བཅོས་སྐྱོང་ཐད་ཀྱི་ཇུས་གཞི་ལྟར་ལག་བསྟར་ནན་མོ་བྱེད་པ་དང་སྤུས་ཚད་གྲུབ་འབྲས་ལ་རྒྱུས་ལོན་གསལ་བོ་དང་། དཀའ་གནད་ཐག་གཅོད་དང་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་ལ། ཡུལ་དངོས་སུ་དཀའ་ཁག་གི་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས་པ་དང་བྱ་བའི་ལས་འགན་ལག་བསྟར་བྱས། ལྟ་སྐུལ་མཛུབ་སྟོན་ནན་མོ་དང་དུས་བཀག་ལྟར་ལེགས་བསྒྱུར་བྱས་ཏེ་ངེས་པར་གཏན་ཁེལ་དང་དུས་ཚོད་ལྟར་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུའི་རེ་བ་བཏོན་ནས། དུས་རིམ་རྗེས་མའི་བྱ་བར་རྨང་གཞི་བརྟན་པོ་བཏིངས། གཏེར་ལེན་ཁ་པད་ཧྲུའུ་རི་བོ་དང་ཏ་ཚ་འདམ་ཏ་ཐིག་དབྱང་སོལ་ལས་གཉིས་སུ། ལིས་ཅེ་ཞང་གིས་གཞི་རིམ་གྱིས་ལག་བསྟར་དམ་འཛིན་བྱེད་པ་དང་བཅོས་སྐྱོང་དམ་འཛིན་བྱེད་པའི་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། ཁུལ་གྱི་གོང་འོག་ཡོངས་ཀྱིས་མདོ་ལ་རི་བོའི་ལྷོ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་སྟེང་། ངེས་པར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ་དང་། རྫུན་བཟོ་དང་སྟེས་དབང་གི་བསམ་བློ་མི་འཆང་བར། བྱ་གཞག་བརྟན་འཇགས་ངང་བསྒྲུབ་ནས་གྲུབ་འབྲས་བཟང་བོ་ལེན་དགོས་པའི་རེ་བ་བཏོན།

ཕྱོགས་བསྡུས་བཅོས་སྐྱོང་ཡུལ་དངོས་སུ། ལིས་ཅེ་ཞང་གིས་ཡུལ་དངོས་གྲོས་ཚོགས་བསྡུས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་བཅོས་སྐྱོང་བྱེད་པ་དང་། རང་བྱུང་ཆོས་ཉིད་ལ་བརྩི་འཇོག་བྱེད་པ། རང་བྱུང་སླར་གསོ་གཙོར་བྱས་ཏེ། བཅོས་སྐྱོང་གི་རང་བྱུང་ཁོར་ཡུག་ཐད་ཀྱི་གནོད་པ་ཇེ་ཆུང་དུ་གཏོང་བ་དང་། བཅོས་སྐྱོང་བཟང་བོ་བྱེད་པ། ཚད་གཞི་མཐོན་པོ་དང་རེ་བ་ནན་མོ་ཕྱོགས་བསྡུས་བཅོས་སྐྱོང་གི་གོ་རིམ་ཧྲིལ་བོའི་ཁྲོད་ཁྱབ་པར་བྱས་ནས། བཅོས་སྐྱོང་གྲུབ་འབྲས་ཐད་ནས་དུས་ཚོད་དང་ལོ་རྒྱུས་ཀྱི་ཉམས་སད་ཐེག་ཐུབ་པར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།