མཱ་ཅི་ཞའོ་ཡིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ནས་དམིགས་ཚད་ལས་འགན་ནན་འཛིན་དང་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས3ཉིན། ཞིང་ཆེན་རིམ་པའི་མང་ཚོགས་ཚོགས་པས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་གི་ཚོགས་འདུ་ཟི་ལིང་དུ་འཚོགས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་ཡིས་ཚོགས་འདུ་གཙོ་སྐྱོང་མཛད་ཅིང་གསུང་བཤད་གནང་།

མཱ་ཅི་ཞའོ་ཡིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་རྒྱལ་ཁབ་ཀྱི་འབྱུང་འགྱུར་འཕེལ་རྒྱས་ལ་འཆར་གཞི་བཀོད་པ་དང་། མདུན་སྐྱོད་ཀྱི་ཁ་ཕྱོགས་དང་འབད་འཐབ་ཀྱི་དམིགས་ཚད་ཁ་གསལ་བཟོས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ལ་འགོ་ཡག་པོ་ཞིག་བཙུགས་ཤིང་གོམ་པ་བརྟན་པོ་ཞིག་སྤོས་པས་དོན་སྙིང་ཧ་ཅང་གལ་ཆེན་ལྡན།

མཱ་ཅི་ཞའོ་ཡིས་ནན་གྱིས་བསྟན་དོན། མང་ཚོགས་ཚོགས་པ་སོ་སོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་ངོ་བོ་དང་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་གཏིང་ཟབ་བླངས་ནས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་དང2035ལོའི་ཕུགས་རྒྱང་རིང་བའི་དམིགས་ཚད་ཁྱོན་ཡོངས་ནས་ཤེས་རྟོགས་བྱས་ཏེ་སློབ་སྦྱོང་གཏིང་ཟབ་ཏུ་འགྲོ་བ་དང་། དངོས་ཐོག་འབབ་པ། ནང་སེམས་སུ་ཟུག་པ་བཅས་ལ་སྐུལ་འདེད་གཏོང་དགོས། དྲིལ་བསྒྲགས་ལ་ནན་འཛིན་ཡག་པོ་བྱས་ཏེ་བསམ་བློའི་ཁྲིད་སྟོན་གྱི་ཆབ་སྲིད་འགན་འཁྲི་རང་འགུལ་ངང་ཁུར་ནས་མང་ཚོགས་རྩ་འཛུགས་དང་། མང་ཚོགས་ལ་དྲིལ་བསྒྲགས། མང་ཚོགས་ལ་སློབ་གསོ། མང་ཚོགས་ལ་ཁྲིད་སྟོན་བཅས་བྱེད་པའི་ལས་དོན་ཡག་པོར་བསྒྲུབས་ནས་དྲིལ་བསྒྲགས་ཀྱི་དམིགས་སའི་རང་བཞིན་དང་སྐབས་བསྟུན་རང་བཞིན། དངོས་ཕན་རང་བཞིན་བཅས་ཆེ་རུ་གཏོང་དགོས། གནས་ཐིག་གཏན་འཁེལ་ཡང་དག་བྱས་ནས་ཞིང་ཆེན་ཡོངས་ཀྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་སྒྲིག་བཟོའི་ལས་དོན་ནང་ཧུར་ཐག་གིས་ཞུགས་ཏེ་མང་ཚོགས་ཚོགས་པའི་མཐུན་སྦྱོར་གཞི་རྟེན་དུ་འགྱུར་བ་བྱས་ནས་མི་རིགས་སོ་སོའི་མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་ཀྱིས་སླད་ཕྱིན་གྱི་ལོ5ཡི་གཙོ་གནད་ལས་དོན་ཇུས་འགོད་ཡག་པོ་བྱེད་དགོས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།