ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱ་ཆེད། དམངས་གཉེར་ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བླང་བྱ་དོན་འཁྱོལ་བྱེད་ཆེད། ཟླ11ཚེས4ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ཏང་ཨུའི“གསར་པ་གཉིས”ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་ཞིང་ཆེན་ཡོངས་ཀྱི“གསར་པ་གཉིས”ཀྱི་དཔལ་འབྱོར་གནས་བབ་སྙན་ཞུའི་ཚོགས་འདུ་ཚོགས་ཤིང་། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་དང་། ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཨུའི་ཧྲུའུ་ཅིའམ་ཀྲུའུ་རིན་ཝང་ལིས་མིང་གིས་ཞིང་ཆེན་ཡོངས་ཀྱི“གསར་བ་གཉིས”ཀྱི་སྒྲིག་འཛུགས་ཏང་ཡོན་གྱི་ལས་ཀའི་དཔལ་འབྱོར་དུས་བབ་ཀྱི་ཆེད་དོན་སྙན་ཞུ་བྱས་པ་རེད།
སྙན་ཞུའི་ཚོགས་འདུའི་སྟེང་། ཝང་ལིས་མིང་གིས་མིག་སྔའི་རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་དུས་བབ་དང་མཚོ་སྔོན་ཞིང་ཆེན་གྱི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ལ་དམིགས་ནས། གསལ་འགྲེལ་གཏིང་ཟབ་བྱས་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་རྒྱུའི་ཐད་བླང་བྱ་བཏོན་པ་རེད།
གྲོང་ཁྱེར་དང་ཁུལ་ཨུའི་རྩ་འཛུགས་པུའུ་དང་། གླིང་ཁུལ་ཁག་གི་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་རིམ་པའི་སྤྱི་ཚོགས་རྩ་འཛུགས་ལས་རིགས་ཁག་གི་ཏང་ཨུའི་འགན་འཁུར་བ་དང་ཞིང་ཆེན་ཡོངས་ཀྱི“གསར་པ་གཉིས”ཀྱི་རྩ་འཛུགས་ཀྱི་མ་དངུལ་གཏོང་མཁན(འགན་འཁུར་བ)དང་ཏང་ཡོན་ལས་བཟོ་བ800ཙམ་གྱིས་སྙན་ཞུར་ཉན་པ་རེད། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
ཝང་ལིས་མིང་ཞིང་ཆེན་ཡོངས་ཀྱི“གསར་པ་གཉིས”སྒྲིག་འཛུགས་ཀྱི་དཔལ་འབྱོར་དུས་བབ་སྙན་ཞུའི་ཚོགས་འདུར་ཞུགས་པ།