ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས3ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་ལས་བགོས་འགན་གཉེར་སྡེ་ཁག་གི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྒྲིག་བཟོ་བྱ་བའི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་གནང་བ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཛུབ་ཁྲིད་བྱས་ཏེ། ཚན་རིག་དང་མཐུན་པའི་ཇུས་འགོད་དང་སྒྲིག་བཟོ་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ལིའུ་ཐའོ་ཡིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་དང་། ང་ཚོས་ལས་དོན་ཁག་ཡག་པོ་སྒྲུབ་པའི་གཞི་རྩའི་ཁ་ཕྱོགས་དང་རྩ་བའི་གཞི་འཛིན་ས། སྡེ་ཁག་སོ་སོས་དགོངས་དོན་གྱི་ངོ་བོ་དང་ལྟེ་བའི་དོན་གནད་ལ་གོ་བ་གཏིང་ཟབ་ལེན་པ། དམིགས་ཚད་དང་བླང་བྱ་ཁོང་དུ་ཆུད་པ། གཙོ་གནད་ལས་འགན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་། ངོས་འཛིན་གཅིག་སྒྲིལ། ལག་ལེན་མཛུབ་སྟོན། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་བསྟན།
ལིའུ་ཐའོ་ཡིས“ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་བཟོ་བའི་ལས་དོན་དེ་ཞིང་ཆེན་ཡོངས་ཀྱི་ཡུན་རིང་གི་འཕེལ་རྒྱས་དང་འབྲེལ་བ་ཡོད་པས། ཚན་རིག་དང་མཐུན་པའི་འཆར་འགོད་བཟོས་ནས་རྗེས་ཕྱོགས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་རྨང་གཞིའི་རང་བཞིན་དང་། སྔོན་ཁྲིད་རང་བཞིན། འགག་རྩའི་རང་བཞིན་བཅས་ཀྱི་ནུས་པ་ལྡན་དགོས་ལ། སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་རྣལ་མ་དེ“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྒྲིག་བཟོ་བྱ་བའི་ཁྲོད་ཁྱབ་གདལ་དུ་བཏང་སྟེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར། རྒྱལ་ཁབ་དང་ཞིང་ཆེན་ཡོངས་ཀྱི་སྤྱིའི་འཆར་འགོད་དང་ཆེད་དམིགས་འཆར་འགོད་གཞན་དག་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གོཏང་བ། རང་འགུལ་ངང་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ནང་མཉམ་འདྲེས་བྱས་ནས། རྣམ་གྲངས་གལ་ཆེན་ཁག་གཅིག་འཆར་འགོད་དང་གསོག་འཇོག་གནད་སྨིན་བྱེད་པ་དང“ལོ་ལྔ་ཚན་བཅུ་བཞི་པའི”ལས་དོན་ཁག་སྤུས་ཚད་མཐོ་པོའི་ངང་འཆར་འགོད་ཡག་པོ་བྱེད་དགོས་ཞེས་བསྟན། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
ལིའུ་ཐའོ་ཡིས་ལས་བགོས་འགན་གཉེར་སྡེ་ཁག་གི“ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་སྒྲིག་བཟོ་བྱ་བའི་ཆེད་དོན་ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན།