འབྲོག་མོ་ཞིག་གིས་ཕྱུགས་འཚོ་བཞིན་པ།
ས་གནས་ཀྱི་འབྲོག་པས་གཟན་རྩྭ་གྲ་སྒྲིག་བྱེད་བཞིན་པ།
འབྲོག་པ་ཞིག་གིས་གཟན་རྩྭ་འཁྱེར་བཞིན་པ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་རྐྱང་ཆད་ཤང་གངས་རིའི་ཞིང་འབྲོག་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་གཟན་རྩྭ་འདེབས་འཛུགས་རྟེན་གཞི་རུ་འབྲོག་པ་རྣམས་ཕྱུགས་རིགས་དགུན་སྒྲོལ་ཐད་གཟན་རྩྭ་གྲ་སྒྲིག་གི་ལས་ལ་བྲེལ་བཞིན་འདུག ཉེ་བའི་ལོ་ཤས་རིང་མཚོ་སྔོན་འབྲོག་ཁུལ་གྱིས་གཟན་རྩྭའི་རྟེན་གཞི་ཁྱབ་གདལ་དང་འཛུགས་སྐྲུན་བྱས་པས་འབྲོག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་མ་ཟད། ས་གནས་ཀྱི་འབྲོག་པའི་ཡོང་འབབ་ཀྱང་འཕར་གྱིན་ཡོད། །
རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།
མཚོ་སྔོན་འབྲོག་ཁུལ་དུ་དགུན་སྒྲོལ་གཟན་རྩྭ་གྲ་སྒྲིག་བྱེད་བཞིན་པ།