མཚོ་སྔོན་ཞིང་ཆེན་གྱིས་གྲོ་ནག་འདེབས་གསོ་ཁྱབ་གདལ་དང་དཔེ་སྟོན་ལ་འཕེལ་འབྲས་གསར་བ་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་གྱིས་ཆེད་མཁས་པ་རྩ་འཛུགས་བྱས་ཏེ་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སའོ་ཡིས་འགན་འཁུར་བའི་ཞིང་ཆེན་རིམ་པའི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ཆེད་དོན་རྣམ་གྲངས་ཀྱི“འབྲུ་རིགས་དང་གཟན་གསོ་གཉིས་སྤྱོད་ཀྱི་སྐྱེ་དངོས་གྲོ་ནག་གསོ་སྤེལ་ཁྱབ་གདལ་གྲུབ་འབྲས་གཅིག་སྡུད་དང་དཔེ་སྟོན”ལ་ཡུལ་དངོས་ནས་ཞིབ་བཤེར་རྩིས་ལེན་བྱས་པ་རེད། ཆེད་མཁས་ཚོགས་ཆུང་གིས་རྣམ་གྲངས་དེ“སོན་བཟང་གསོ་སྤེལ-ཕན་འབྲས་ཆེ་བའི་འདེབས་གསོའི་ལག་རྩལ-སོན་བཟང་གསོ་སྤེལ་དང་གཟན་རྩྭ་ལས་སྣོན-དཔེ་སྟོན་ཁྱབ་གདལ”བཅས་ཀྱི་ཐོན་ལས་རྣམ་པ་གཞིར་བཟུང་སྟེ་སོན་རིགས་གསོ་སྤེལ་དང་འདེབས་འཛུགས། དཔེ་སྟོན་ཁྱབ་གདལ་བཅས་ཀྱི་མ་ལག་འཛུགས་སྐྱོང་བྱས་པར་བརྟེན། གྲོ་ནག་གི་སོན་རྒྱུའི་ཐོན་ཁུངས་དང་རིགས་སྣ་དཀོན་པ། སྔོ་སྐྱེའི་རྣམ་པ་དང་ཕན་ཆེའི་འདེགས་འཛུགས་དང་གཟན་རྩྭའི་ལས་སྣོན་སོགས་གནད་འགག་ལག་རྩལ་གྱི་གནད་དོན་ཐག་བཅད་པ་རེད། ལོ་གཅིག་ལ་སྐྱེ་བའི་གཟན་རྩྭའི་མཁོ་སྤྲོད་ནུས་པ་ཆེ་རུ་ཕྱིན་པ་དང་། གྲོ་ནག་གི་རིགས་སྣ་གསར་པ་དང་ཕན་ཆེའི་འདེབས་འཛུགས་ལག་རྩལ་མགྱོགས་མྱུར་ངང་ཁྱབ་གདལ་ཕྱིན་ནས་མཚོ་སྔོན་ཞིང་ཆེན་གྱི་ལོ་གཅིག་ལ་སྐྱེ་བའི་གཟན་རྩྭའི་ཐོན་ལས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་དང་ཞིང་པའི་ཡོང་འབབ་འཕར་བ་དང་ཕྱུག་འགྱུར་ཡོང་བར་དོན་སྙིང་གལ་ཆེན་ལྡན། 

རྣམ་གྲངས་དེའི་ནང་གྲོ་ནག་འདེབས་དུས་དང་འདེབས་ཚད། སྟུག་ཚད། ལུད་རྒྱག་སྟངས། བསྲེས་འདེབས་སོགས་ཐད་ལ་ཚོད་ལྟ་བྱས་ཡོད། ཧོང་ཀྲུང་ཆུས་དང་ལི་ཏུའུ་ཆུས། ཏུའུ་ལན་རྫོང་བཅས་སུ་གྲོ་ནག་གི་སོན་བཟང་གསོ་སྤེལ་དང་བསྲེས་འདེབས་དཔེ་སྟོན་རྟེན་གཞི་མུའུ1100ལ་འདེབས་འཛུགས་བྱས་པ་དང་། ཀོས་ནན་རྫོང་དང་ཧོང་ཡོན་རྫོང་། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་། ཕིང་ཨན་ཆུས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། དེ་མིན་ཀན་སུའུ་ཞིང་ཆེན་གྱི་ཏིང་ཤིས་སོགས་སུ་གྲོ་ནག་མུའུ7000ལྷག་འདེབས་འཛུགས་བྱས། ། 

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།