ཝང་ཀྲིན་ཧྲིན་གྱིས་རྨ་ལྷོར་བརྟག་ཞིབ་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པའམ་སྤྱི་བདེ་ཐིང་གི་ཐིང་ཀྲང་ཝང་ཀྲིན་ཧྲིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་དང་གཅན་ཚ་རྫོང་གི་གཞི་རིམ་སྤྱི་བདེ་སུའོ་རུ་བསྐྱོད་དེ“ཕྱོགས་ཡོངས་ནས་ཆབ་སྲིད་འཛུགས་སྐྱོང་ཉེན་རྟོག་ནན་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པའི”སློབ་གསོ་དག་ཐེར་ལས་དོན་ལ་བརྟག་ཞིབ་མཛུབ་ཁྲིད་གནང་ལ། འཐབ་ཕྱོགས་དང་པོའི་མི་དམངས་ཉེན་རྟོག་པའི་ལས་རོགས་ཉེན་རྟོག་པར་གཟིགས་ཞིབ་དང་འཚམས་འདྲི་གནང་བ་རེད།

ཝང་ཀྲིན་ཧྲིན་གྱིས་རྨ་ལྷོ་སྤྱི་བདེ་ལས་ཁུངས་ཀྱིས་སློབ་གསོ་དག་ཐེར་གྱི་རྒྱབ་ལྗོངས་དང་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པ། ལས་དོན་ཁག་ལ་སྐུལ་འདེད་གཏོང་རྒྱུར་བཀོད་སྒྲིག་ཞིབ་ཚགས་བྱས་པས། སྤྱི་བདེའི་ལས་དོན་ལ་དགེ་མཚན་ལྡན་པའི་འགྱུར་ལྡོག་དང་སྤྱི་བདེའི་དཔུང་ཁག་ལ་རྣམ་པ་གསར་པ་ཐོན་པར་ཁས་ལེན་གང་ལེགས་བྱས། ཁོང་གིས་སློབ་གསོ་དག་ཐེར་གྱི་གྲུབ་ཆའི་གཏན་ཚིགས་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཡང་དག་ཆུད་པར་བྱེད་པ་ནི། རྗེས་དཔག་གི་ཤེས་རྟོགས་ཟབ་པའི་ཕྱི་རོལ་ཡུལ་གྱི་བླང་བྱ་ཡིན་པ་མ་ཟད། དེ་བས་ཀྱང་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པའི་རྨང་གཞི་གལ་ཆེན་ཡིན་པར་བརྗོད།

ཝང་ཀྲིན་ཧྲིན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཞིང་ཆེན་ཡོངས་ཀྱི་སྤྱི་བདེའི་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་སྔར་བས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཁྱོན་ཡོངས་དང་རྒྱུད་རིམ་ལྡན་པ་དང་གོ་དོན་མཐིལ་རྟོགས་ཡོང་བའི་ཐད་འབད་བརྩོན་བྱེད་པ། མཐའ་གཅིག་ཏུ་ཕྱི་ཚུལ་རིང་ལུགས་ཀྱི་དཔོན་ཉམས་རིང་ལུགས་ཁྱད་བསད་བྱེད་པ། བདེན་འཚོལ་དངོས་གཉེར། རིམ་པ་རེ་རེ་བཞིན་སྣེ་ཁྲིད་བྱེད་པ། “དངོས་ལུགས་དང་དམ་དུ་སྦྲེལ་”ནས“རྫས་འགྱུར་འགྱུར་འབྱུང་”དུ་བསྒྱུར་བ་དང་། སློབ་གསོ་དག་ཐེར་ལ་བརྟེན་ནས་ལས་ཀའི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བ། བྱ་བའི་གྲུབ་འབྲས་དངོས་ལ་བརྟེན་ནས་སློབ་གསོ་དག་ཐེར་གྱི་ཕན་འབྲས་ལ་ཞིབ་བཤེར་བྱེད་དགོས་པར་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།