མཚོ་སྔོན་ཞིང་ཆེན་གྱི་དེང་རབས་རོང་འབྲོག་ཐོན་ལས་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས30ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུས་གཙོ་གཉེར་བྱས་པ་དང་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིན་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་སྒྲུབ་འགན་འཁུར་བའི་ཞིང་ཆེན་ཡོངས་ཀྱི་དེང་རབས་རོང་འབྲོག་ཐོན་ལས་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་ནས་སློབ་འགོ་ཚུགས་པ་རེད། ཞིང་ཆེན་ཐད་གཏོགས་ལས་ཁུངས་སྡེ་ཁག་གི་ལས་བགོས་འགན་འཁུར་བློ་མཐུན་དང་། གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་དང་ཆུས)ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་བཅས་མི40ཆེད་དོན་ཞིབ་བསྡུར་གསོ་སྦྱོང་ནང་ཞུགས་པ་རེད།

རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་མར་ཁེ་སིའི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། སློབ་མའི་བྱང་ཚད་དང་ནུས་པ་མཐོ་རུ་གཏོང་རྒྱུ་དམིགས་འབེན་དུ་འཛིན་པ་དང་། སློབ་གྲྭའི་ནང་གསོ་སྦྱོང་དང་སློབ་ཕྱིའི་གསོ་སྦྱོང་ཟུང་འབྲེལ། གཅིག་བསྡུས་སློབ་སྦྱོང་དང་རང་སྦྱོང་ཟུང་འབྲེལ་བྱེད་པ། འཆད་ཁྲིད་བྱེད་པ་དང་ཡུལ་དངོས་ནས་སློབ་ཁྲིད་བྱེད་པ། འདྲི་བརྟག་ཚུལ་གྱི་སློབ་ཁྲིད་བྱེད་པ་དང་ཚོ་ཆུང་ཁག་བགོས་ཀྱི་གྲོས་བསྡུར་སོགས་སློབ་ཁྲིད་བྱེད་སྟངས་སྣ་ཚོགས་ཕྱོགས་བསྡུས་བྱས་ཏེ། རང་སྦྱོང་དང་ཟུར་ཁྲིད། ཞིབ་བསྡུར་དང་སྤེལ་རེས་བཅས་བྱས་པ་བརྒྱུད། རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་ལག་ལེན་གྱི་ནུས་པ་ཆེ་རུ་བཏང་ནས་རོང་འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྣེ་ཁྲིད་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་བྱས།

ཐེངས་འདིའི་དུས་ཡུན་ཉིན་13རིང་གི་ཆེད་དོན་བགྲོ་གླེང་འཛིན་གྲྭ་དེ་ཞིང་ཆེན་ནང་ཁུལ་དང་ཞིང་ཆེན་ཕྱིའི་བགྲོ་གླེང་གསོ་སྦྱོང་གི་དུས་མཚམས་གཉིས་སུ་དབྱེ་ཡོད་ལ། དུས་མཚམས་གཉིས་ལ་གཙོ་གནད་རེ་ཡོད་པ་དང་། ཞིང་ཆེན་ནང་ཁུལ་གྱི་སློབ་སྦྱོང་མཇུག་འགྲིལ་རྗེས་སློབ་མ་པེ་ཅིང་དུ་དུས་མཚམས་གཉིས་པའི་གསོ་སྦྱོང་དང་བགྲོ་གླེང་བྱ་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།