སྐབས་བཅུ་གཅིག་པའི་མཚོ་སྔོན་རྩོམ་རིག་གཟའ་འཁོར་འགོ་ཚུགས་པ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ11བའི་ཚེས2ཉིན་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པའི་མཚོ་སྔོན་རྩོམ་རིག་གཟའ་འཁོར་སྐབས་བཅུ་གཅིག་པ་ཟི་ལིང་དུ་འཚོགས་འགོ་ཚུགས།

སྐབས་འདིའི་མཚོ་སྔོན་རྩོམ་རིག་གཟའ་འཁོར་གྱིས“རྨ་ཆུའི་རིག་གནས་ལ་བརྟེན་ནས་མཚོ་སྔོན་གྱི་གཏམ་རྒྱུད་དར་སྤེལ་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། སྐབས་བརྒྱད་པའི་མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཨུ་ཡོན་ལྷན་ཚོགས་ཐེངས་གསུམ་པ་དང་། གཞི་རིམ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞིའི་མཉམ་འབྲེལ་ཚོགས་འདུ་དང་གཞི་རིམ་རྩོམ་པ་པོ་མཐུན་ཚོགས་ཀྱི་འགན་འཁུར་བའི་གསོ་སྦྱོང་འཛིན་གྲྭ། རྨ་ཆུའི་རིག་གནས་ཀྱི་མཐོང་སྣེ་འོག་གི་རྩོམ་རིག་བརྩམས་ཆོས་ཏེ་མཚོ་སྔོན་གྱི་རྩོམ་རིག་གསར་རྩོམ་ཚོགས་འདུ་དང་དུས་རབས་གསར་པའི་མཚོ་སྔོན་དྲ་རྒྱའི་རྩོམ་རིག་ལ་ཕྱིར་དྲན་དང་རྒྱང་ལྟ། མཚོ་སྔོན་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲ་རྒྱའི་རྩོམ་རིག་ཨུ་ཡོན་ལྷན་ཚོགས་ཀྱི་ལས་དོན་ཚོགས་འདུ། མཚོ་སྔོན་ཞིང་ཆེན་གྱི་རྩོམ་པ་པོ་དར་གཞོན་དང་《མཚོ་སྔོན་པོ》རྩོམ་པ་པོའི་དཔེ་ཀློག་འཛིན་གྲྭ། 2020ལོའི“ཀྲུང་གོའི་ཉིན་གཅིག·མཛེས་སྡུག་ལྡན་པའི་འབྱོར་འབྲིང་། ——ཀྲུང་གོའི་རྩོམ་པ་པོ་རྣམས་ལམ་དུ་ཞུགས་ཡོད”སོགས་རྩོམ་རིག་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། དེའི་དམིགས་ཡུལ་ནི་མཚོ་སྔོན་གྱི་རྩོམ་རིག་ལས་དོན་དངོས་ལ་གཞིགས་ནས་གསར་རྩོམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུ་དང་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་སྔར་ལས་ལྷག་པར་རྨ་ཆུའི་རིག་གནས་ཀྱི་མཐོང་སྣེ་འོག་གི་མཚོ་སྔོན་གྱི་རྩོམ་རིག་བརྩམས་ཆོས་ལ་དཔྱད་བསྡུར་བྱས་ནས་རྨ་ཆུའི་རིག་གནས་ཀྱི་མི་མངོན་པའི་དུས་རབས་ཀྱི་རིན་ཐང་སྔོག་འདོན་དང་། མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། ལོ་རྒྱུས་ཀྱི་རིག་གནས་རྒྱུན་མཐུད་བྱེད་པ། རིག་གནས་ཀྱི་གདེང་ཚོད་ཇེ་བརྟན་དུ་གཏོང་བ་བཅས་བྱས་ནས་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་ཆེད་རྩོམ་རིག་གི་སྟོབས་ཤུགས་གཅིག་ཏུ་སྒྲིལ་རྒྱུ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།