མར་ཁུ་ཐང་ནས་གདོང་སྣ་བར་གྱི་གཞུང་ལམ་གྱི་ཨར་ལས་ཡུལ་དངོས།
ཨར་ལས་མི་སྣ་ཞིག་གིས་ཟམ་ངོས་སུ་ཨར་ལས་བྱེད་བཞིན་ཡོད་པ།
མར་ཁུ་ཐང་ནས་གདོང་སྣ་བར་གྱི་གཞུང་ལམ་གྱི་ཨར་ལས་ཡུལ་དངོས།
ཨར་ལས་རླངས་འཁོར་གཞུང་ལམ་དུ་བསྐྱོད་བཞིན་པའི་ཚུལ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཁོངས་སུ་གནས་པའི་མར་ཁུ་ཐང་ནས་གདོང་སྣ་བར་གྱི་གཞུང་ལམ་དེ་ལམ་ངོས་འདིང་བའི་དུས་སུ་སླེབས་ལ། མིག་སྔར་རྣམ་གྲངས་དེ་ལམ་ངོས་འདིང་པའི་རིམ་པ་དང་། རྨང་གཞི་བརྟན་ལྷིང་། ལམ་ངོས་སུ་སྣུམ་སྙིགས་ལྡུག་པའི་ལས་ཀ་བཅས་བྱེད་བཞིན་ཡོད་དེ། ཤེས་རྟོགས་བྱུང་བར་གཞིགས་ན། མར་ཁུ་ཐང་ནས་གདོང་སྣ་བར་གྱི་གཞུང་ལམ་གྱི་རྣམ་གྲངས་གཅན་ཚ་རྫོང་ཁོངས་སུ་ཡོད་པ་དང་། ཀྲུང་གོ་ལྕགས་ལམ་ཅུའུ་ལྔ་བས་འཛུགས་སྐྲུན་གྱི་འགན་ཁུར་བཞིན་ཡོད་པ་རེད། །
རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།
གཅན་ཚའི་མར་ཁུ་ཐང་ནས་གདོང་སྣ་བར་གྱི་གཞུང་ལམ་དེ་ལམ་ངོས་འདིང་བའི་དུས་སུ་སླེབས་པ།