འབྲོག་པས་འཕྲུལ་རྟར་ཞོན་ནས་ཕྱུགས་འཚོ་བཞིན་པ།
མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་གི་རྒྱལ་ཐང་རྩྭ་ཐང་དུ་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད། རྒྱལ་ཐང་རྩྭ་ཐང་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ཁུལ་གྱི་ལྟེ་བར་གནས་པ་དང་། འབྲོག་ལས་ནི་ས་གནས་དེ་གར་འཚོ་གནས་དང་འཕེལ་རྒྱས་གཏོང་བའི་ཀ་རྟེན་ཐོན་ལས་ཤིག་རེད། ཉེ་བའི་ལོ་ཤས་རིང་། ས་གནས་སྲིད་གཞུང་གིས་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱས་པ་དང་ས་ཁོངས་དབྱེ་ནས་ཕྱུགས་འཚོ་རེས་བྱེད་པ། ཚན་རིག་དང་མཐུན་པའི་ཕྱུགས་གསོ་བ། རྩྭ་ཕྱུགས་དོ་མཉམ། མཐུན་སྦྱོར་འཕེལ་རྒྱས་བཅས་གཙོ་བོར་བྱེད་པའི་སྐྱེ་ཁམས་འབྲོག་ལས་བཏོད་དེ་སྐྱེ་ཁམས་སྲུང་སྐྱོང་དང་འབྲོག་ལས་ཐོན་སྐྱེད་ཀྱི་འཁོར་རྒྱུག་རྣམ་པ་བཟང་པོ་ཞིག་ཆགས་ཡོད།
འབྲོག་མོ་ཉི་མ་མཚོ་མོས་ནོར་བཞོ་གྲབས་བྱེད་ཀྱིན་པ།
འབྲོག་མོ་ཉི་མ་མཚོ་མོས་ནོར་བཞོ་གྲབས་བྱེད་ཀྱིན་པ།
འབྲོག་ཁུལ་དུ་སྤྱོད་ཆེ་བའི་ཉི་གློག
འབྲོག་པའི་སྒོ་ལྷས་ཀྱི་ནོར་ནག
ནོར་རྫི་འབྲོག་མོ།
འབྲོག་མོ་ཉི་མ་མཚོ་མོས་ནོར་བཞོ་གྲབས་བྱེད་ཀྱིན་པ།
འབྲོག་མོ་ཉི་མ་མཚོ་མོས་ནོར་བཞོ་བཞིན་པ།
འོང་བ་སྐེམ་བཞིན་པ།
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
མཚོ་སྔོན་ཁྲི་འདུ་ཡིས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་བཏང་བ།