མཚོ་སྔོན་པོ་འགྲམ་གྱི་ཕུའུ་ཧྲི་དགོ་བ།
མཚོ་སྔོན་པོ་འགྲམ་གྱི་ཕུའུ་ཧྲི་དགོ་བ།
མཚོ་སྔོན་པོ་འགྲམ་གྱི་ཕུའུ་ཧྲི་དགོ་བ།
མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་ཡི་ལྷོ་འགྲམ་སྲུང་སྐྱོབ་ས་ཚིགས།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྟོན་མཇུག་གི་དུས་སུ་མཚོ་སྔོན་པོའི་རྩྭ་ཐང་ཡོངས་སུ་གསེར་མདོག་ཏུ་གྱུར་ཞིང་། མཚོ་འགྲམ་དུ་རྒྱུ་བཞིན་པའི་ཕུའུ་ཧྲི་དགོ་བ་དེ་གསེར་མདོག་གི་རྩྭ་ཐང་དང་གཞི་གཅིག་ཏུ་འདྲེས་ནས་སྐབས་འགར་མཆོང་ལྡིང་བྱེད་པ་དང་སྐབས་འགར་མཚོ་འགྲམ་དུ་རྒྱུགས་འགྲོ་བ་རེད།
ཕུའུ་ཧྲི་དགོ་བ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཤིག་ཡིན་ལ། སྔོན་ཆད་ནང་སོག་དང་ཉིང་ཞ། ཀན་སུའུ། མཚོ་སྔོན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་སུ་ཁྱབ་ཡོད་པ་དང་། མིའི་རིགས་ཀྱི་འགུལ་སྐྱོད་ཤུགས་རྐྱེན་གྱིས་དེའི་འཚོ་གནས་བྱེད་ས་ཇེ་སྡུག་ཏུ་ཕྱིན་པས། མིག་སྔར་མཚོ་སྔོན་པོའི་མཐའ་འཁོར་ས་ཁུལ་ནི་ཕུའུ་ཧྲི་དགོ་བ་འཚོ་གནས་བྱ་ཡུལ་འབའ་ཞིག་ཏུ་གྱུར་ཡོད། །
རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།
མཚོ་སྔོན་པོ་འགྲམ་གྱི་ཕུའུ་ཧྲི་དགོ་བ།