ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱིས་གཙོ་སྒྲུབ་གནང་བའི་གསར་འགྱུར་གསར་རྩོམ་ཆེད་དོན་སྙན་ཞུ་ཚོགས་འདུ་བསྡུས་པ་དང་། ཚོགས་འདུ་སྟེང་ཀྲུང་གོའི་གསར་འགྱུར་ལས་རིགས་ཁྲོད་སྐད་གྲགས་ཆེ་བའི་ཆེད་མཁས་པའམ་ཅང་སུའུ་ཞིང་ཆེན་གསར་འགོད་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི། མཐོ་རིམ་རྩོམ་སྒྲིག་པ་ཀྲོའུ་ཡུའེ་མིན་གདན་ཞུ་བྱས་ཏེ《ཀྲུང་གོའི་གསར་འགྱུར་བྱ་དགའ་དཔྱད་འདེམས་ཁྲོད་གསར་འགྱུར་གསར་རྩོམ་ལ་བལྟ་བ》ཞེས་པ་བརྗོད་དོན་ཡིན་པའི་ཆེད་དོན་ཆེད་ཁྲིད་གནང་བ་དང་། ཞིང་ཆེན་དང་གྲོང་ཁྱེར། ཁུལ། རྫོང་སོགས་རིམ་པ་གསུམ་པའི་གསར་འགྱུར་ལས་ཁུངས་ཀྱི་གསར་འགྱུར་ལས་བྱེད་མི་སྣ300ལྷག་ཚོགས་འདུར་ཞུགས་ནས་ཆེད་དོན་སྙན་ཞུར་ཉན།
ཚོགས་ཞུགས་བློ་མཐུན་ཚང་མས་ཆེད་དོན་ཆེད་ཁྲིད་ཀྱི་ལངས་ཕྱོགས་མཐོ་བ་དང་ལྟ་བ་གསར་བ། འགྲེལ་བཤད་ཡང་དག་པ། དབྱེ་ཞིབ་གཏིང་ཟབ་པ་བཅས་ཁྱད་ཆོས་ལྡན་པས་གསར་འགྱུར་གསར་རྩོམ་ཕྱོགས་ལ་མཛུབ་ཁྲིད་ཀྱི་ནུས་པ་གལ་ཆེན་ལྡན་པ་དང་། ང་ཚོས་ཧུར་ཐག་གིས“ནུས་པ་བཞི”ལག་ལེན་བྱས་ཏེ་མང་ཚོགས་ཁྲོད་དུ་བསྐྱོད་པ་དང་། ཇུས་འགོད་ལེགས་པོ་བྱེད་པ་དང་སྔོག་འདོན་བྱེད་པ་སོགས་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་གསར་འགྱུར་གྱི་ཐོན་ཁུངས་ལེགས་ཆ་བེད་སྤྱད་དེ་གསར་འགྱུར་བརྩམས་ཆོས་ཐོན་སྐྱེད་བྱས་པ་བརྒྱུད། མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་ནུས་པ་གང་ལེགས་འདོན་སྤེལ་བྱེད་རྒྱུ་ཡིན་པར་བསྟན། །
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།
མཚོ་སྔོན་ཞིང་ཆེན་གྱིས་གསར་འགྱུར་གསར་རྩོམ་ཆེད་དོན་སྙན་ཞུ་ཚོགས་འདུ་བསྡུས་པ།