མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཐོན་ལས་ཅན་གྱི་མཉམ་འབྲེལ་སྒྲིག་གཞི40ཡིས་ཞིང་འབྲོག་དུད་ཚང45886ལ་སྐུལ་ཁྲིད་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས30ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཐོན་རྫས་ལས་སྣོན་ལག་རྩལ་སྦྲེལ་མཐུད་དམ་ཞིང་འབྲོག་ལས་ཐོན་ལས་ཅན་མཉམ་འབྲེལ་སྒྲིག་གཞིའི་སྤེལ་རེས་བྱེད་སྒོའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་བའི་ལོ་གསུམ་རིང་གི་འཕེལ་རྒྱས་བརྒྱུད། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞིང་འབྲོག་ལས་ཐོན་ལས་ཅན་མཉམ་འབྲེལ་སྒྲིག་གཞིའི་ནུས་པ་རིམ་བཞིན་མངོན་བཞིན་ཡོད། མིག་སྔའི་བར་ཞིང་ཆེན་ཡོངས་སུ་ཞིང་ཆེན་རིམ་པའི་ཞིང་འབྲོག་ལས་ཐོན་ལས་ཅན་མཉམ་འབྲེལ་སྒྲིག་གཞི40སྐྱེད་སྲིང་བྱས་ཡོད་ལ། དེ་དག་ནོར་ལུག་དང་། ནས། པད་ཁ། འཕང་འབྲས། ཆུ་གྲང་ཉ། ཞོག་ཁོག་སོགས་ཁྱད་ལྡན་ཐོན་ལས་འདུས། མཉམ་འབྲེལ་སྒྲིག་གཞིར་ཞུགས་པའི་དེང་རབས་ཞིང་ལས་གཉེར་སྐྱོང་གཙོ་གཞི་གསར་པ475ཟིན་པ་དང་མཉམ་འབྲེལ་ནང་གི་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་གཙོ་གཞིའི་བྲིན་ཚོང་ཡོང་འབབ་སྒོར་དུང་ཕྱུར49.8ཟིན་ཡོད། 

བསྡོམས་རྩིས་བྱས་པ་ལྟར་ན། ལོ་གསུམ་རིང་ཞིང་ཆེན་ཡོངས་ཀྱི་ཐོན་ལས་ཅན་གྱི་མཉམ་འབྲེལ་སྒྲིག་གཞི40དང་མཉམ་འབྲེལ་སྒྲིག་གཞིར་ཞུགས་པའི་གཉེར་སྐྱོང་གཙོ་གཞི་གསར་པ་475ཡིས་ཞིང་འབྲོག་དུད་ཚང45886(དེའི་ནང་དུད་ཚང་དབུལ་པོ5812ཚུད།)ལ་སྐུལ་ཁྲིད་བྱས་ཏེ་ལོ་རེར་ཆ་སྙོམས་འབབ་འཕར་སྒོར3534ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།