ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས31ཉིན། 2020ལོའི་ལོ་འཁོར་གྱི་སློབ་གྲྭའི་མི་སྣ་འཇོན་ཐང་ཅན་བསྡུ་བའི་བྱ་བའི་སྐུལ་སློང་ཚོགས་འདུ་ཟི་ལིང་དུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་ཚོགས་འདུ་ལ་ཞུགས་པ་དང་འབྲེལ་ཡོད་གསུང་བཤད་གནང་། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་རྩ་འཛུགས་པུའུ་དང་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་སོགས་ཞིང་ཆེན་ཡོངས་ཀྱི་ལས་ཁུངས148གྱི་འགན་ཁུར་བློ་མཐུན་གཙོ་བོ་ཚོགས་འདུ་ལ་ཞུགས་ཡོད་པ་རེད།
ཝང་ཡུས་ཡན་གྱིས་བསྟན་དོན། རྩ་འཛུགས་ཚོགས་པའི་རྣམ་པས་སློབ་གྲྭའི་མི་སྣ་འཇོན་ཐང་ཅན་བསྡུ་བ་ནི་མཚོ་སྔོན་ཞིང་ཆེན་ལ་མི་སྣ་འཇོན་ཐང་ཅན་མི་འདང་བའི་དཀའ་ཁག་སེལ་ཡོད་པ་དང་། མི་སྣ་འཇོན་ཐང་ཅན་གྱི་དཔུང་སྡེ་ཇེ་ལེགས་སུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས། མུ་མཐུད་དུ་ཧར་བརྩོན་བྱས་ཏེ་ཡུན་རིང་བའི་རྒྱལ་ཁ་བླངས་ནས། མཚོ་སྔོན་གྱི་ལས་རིགས་སོ་སོའི་འཕེལ་རྒྱས་ལ་ནུས་པ་ལྡན་པའི་མི་སྣ་འཇོན་ཐང་ཅན་འདོན་སྤྲོད་བྱེད་པར་རྒྱབ་སྐྱོར་བྱེད་དགོས་ཟེར། མོས་ནན་གྱིས་བསྟན་དོན། ད་ལོར་སློབ་གྲྭའི་མི་སྣ་འཇོན་ཐང་ཅན་བསྡུ་བའི་བྱ་བའི་འགྲན་རྩོད་དང་གོ་སྐབས་ལ་ངེས་ཤེས་གསལ་བོ་བླངས་ནས་གོ་སྐབས་ལེགས་བསྒྱུར་གྱིས་སྟོན་བསྡུ་དང་དཔྱིད་བསྡུ་གཉིས་ཀྱི་གསེར་ལས་ལྷག་པའི་གོ་སྐབས་དམ་འཛིན་བྱས་ཏེ། གྲ་སྒྲིགས་ཚགས་སུ་ཆུད་པ་དང་རང་འགུལ་གྱིས་གོ་སྐབས་བརྩོན་ལེན་གྱི་རྣམ་པས་རྒྱ་ཆེའི་མི་སྣ་འཇོན་ཐང་ཅན་འདེམས་པར་ནུས་པ་འདོན་པ་དང་། མི་སྣ་འཇོན་ཐང་ཅན་བསྡུ་བའི་རང་འགུལ་གྱི་དབང་ཆར་ཤུགས་སྣོན་པ། ཚན་པ་སོ་སོའི་གལ་ཆེའི་ཕན་ནུས་ལྡན་པའི་སྲིད་ཇུས་བེད་སྤྱོད་བཟང་པོ་བྱས་ཏེ། དོན་དངོས་ལྟར་ལས་དོན་སྒྲུབ་ནས་སྲིད་ཇུས་ཀྱི་སྐུལ་ལྕག་རང་བཞིན་གྱི་གྲུབ་འབྲས་འདོན་སྤེལ་གང་ལེགས་བྱེད་པ། མགྱོགས་མྱུར་གྱིས་རིམས་ནད་རྒྱུན་རྣམ་ཅན་གྱི་གནས་ཚུལ་དང་བསྟུན་ནས་མི་སྣ་འཇོན་ཐང་ཅན་བསྡུ་བའི་ཡུལ་དངོས་དང་དྲ་ཐོག་ཟུང་འབྲེལ་གྱིས་མི་སྣ་འཇོན་ཐང་ཅན་བསྡུ་བའི་བྱེད་ཐབས་སྤྱད་ནས“སྦྲེལ་དྲ་+མི་སྣ་འཇོན་ཐང་ཅན་བསྡུ་བའི་”སྟེགས་བུ་དང་། དྲ་ཐོག་ཐད་གཏོང་གཏམ་བཤད་ཚོགས་འདུ་+དྲ་ཐོག་ཐད་གཏོང་གཉིས་འདེམས་ཚོགས་འདུ་+དྲ་ཐོག་ཐད་གཏོང་ཁ་རྒྱུགས”་སྒྲིག་འཛུགས་བྱས་ཏེ། མཚོ་སྔོན་གྱི་མི་སྣ་འཇོན་ཐང་ཅན་བསྡུ་བའི་དགོས་འདུན་རྒྱལ་ཡོངས་ཀྱི་ཞབས་ཞུའི་ནུས་ཁུངས་དང་སྦྲེལ་ནས། ད་ལོའི་མི་སྣ་འཇོན་ཐང་ཅན་བསྡུ་བའི་སྤུས་ཚད་དང་རིམ་པ་ན་ནིང་ལས་མི་དམའ་བར་འགན་ལེན་བྱེད་པ། མི་སྣ་འཇོན་ཐང་ཅན་བསྡུ་བའི་བྱ་བའི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་བསྣན་ནས་ཞིབ་ཕྲའི་ཡིག་ཆ་གཏན་འབེབས་དང་ཆེད་གཉེར་ཚོགས་པ་འཛུགས་པ། ཆེད་དམིགས་ལས་སྒྲུབ་ཚན་ཁག་འཛུགས་པར་ཤུགས་བསྣན་ཏེ། འགན་ཁུར་དང་དུས་ཡུན། བྱ་བའི་དགོས་འདུན་སོགས་ཁ་གསལ་བཟོས་ནས་སྤུས་ཚད་དང་ཕན་འབྲས་མཐོ་བའི་སྒོ་ནས་སློབ་གྲྭའི་མི་སྣ་འཇོན་ཐང་ཅན་བསྡུ་བའི་བྱ་བ་ལེགས་པོར་སྒྲུབ་དགོས་པར་བསྟན།
ཚོགས་འདུའི་སྟེང་། རྨ་ལྷོ་ཁུལ་ཏང་ཨུ་རྩ་འཛུགས་པུའུ་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། མཚོ་སྔོན་དགེ་ཐོན་སློབ་ཆེན། ནུབ་རྒྱུད་གཏེར་ཁ་ལས་རིགས་སྡེ་ཚོགས་ཀུང་སི་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་བསམ་བློ་བརྗེ་རེས་བྱས། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
ཝང་ཡུས་ཡན2020ལོའི་ལོ་འཁོར་གྱི་སློབ་གྲྭའི་མི་སྣ་འཇོན་ཐང་ཅན་བསྡུ་བའི་བྱ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུར་ཞུགས་པ།