ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་སོ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཐིན་ཅཱ་ཚའེ་ཡིས་ཞིང་ཆེན་ཡོངས་ཀྱི་སྤྱོད་ཚུལ་མངོན་གསལ་ཅན་གྱི་གནད་དོན་གཅིག་བསྡུས་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་ཀྱི་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལས་དོན་གྱི་སྐུལ་འདེད་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ལྟ་སྐུལ་གྱི་ཕན་འབྲས་ཐོན་པར་བྱེད་དགོས་པ་དང་། འགན་འཁྲིར་ལྟ་སྐུལ་དང་འཕེལ་རིམ་ལ་ལྟ་སྐུལ། དོན་འཁྱོལ་ལ་ལྟ་སྐུལ་བཅས་བྱེད་དགོས། ཁྲིད་སྟོན་གྱི་ཆུ་ཚད་ཀྱང་གང་ལེགས་མངོན་དགོས་ལ། ཐབས་ཤེས་འདོན་པ་དང་། ཐབས་ཤེས་འཐེན་པ། ཐབས་ཤེས་སློབ་པ་བཅས་བྱས་ནས། ཁྲལ་སེལ་སླ་བཅོས་མི་བྱེད་པར་འགན་ལེན་ནན་འཛིན་བྱེད་དགོས་ཟེར། ཞིང་ཆེན་སྒྲིག་ཁྲིམས་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ལས་ཁུངས་དང་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་བཅས་ཀྱི་འགན་འཁུར་བློ་མཐུན་དང་། ཞིང་ཆེན་ཏང་ཨུའི་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་ཁོངས་མི་ཚོགས་འདུར་ཞུགས་ནས་གཏམ་བཤད།
ཐིན་ཙཱ་ཚའེ་ཡིས་བསྟན་དོན། ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་གྱི་ཆུ་ཚད་ཀྱིས་ཆེད་དོན་བྱ་སྤྱོད་ཀྱི་ཕན་འབྲས་མངོན་གྱི་ཡོད་པས། ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་ཚན་ཆུང་གིས་ངོས་འཛིན་བྱེད་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་བྱ་སྤྱོད་སྤེལ་བའི་དོན་སྙིང་དངོས་ལ་ངོས་འཛིན་གསལ་པོ་བྱེད་པ་དང་། ཚད་གཞི་དང་རེའུ་མིག་ལ་གཅིག་བསྡུས་ཀྱིས་དག་ཐེར་བཅོས་སྐྱོང་བྱེད་པར་དམིགས་འབེན་དང་བླང་བྱ་ནན་མོ་འདོན་དགོས། འདུ་ཤེས་དང་བསམ་ཕྱོགས་བསྒྱུར་བ་དང་ལྟ་སྐུལ་སློབ་སྟོན་བྱེད་ཐབས་ལེགས་བཅོས་བྱེད་པ། ཚད་གཞི་མཐོན་པོ་དང་བླང་བྱ་ནན་མོ་རྒྱུན་འཁྱོངས་བྱེད་པ། ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་ནན་མོ་བཅས་བྱས་ཏེ། ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཟེར། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
ཐིན་ཅཱ་ཚའེ་ཡིས་ཞིང་ཆེན་ཡོངས་ཀྱི་སྤྱོད་ཚུལ་མངོན་གསལ་ཅན་གྱི་གནད་དོན་གཅིག་བསྡུས་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུའི་སྟེང་གཏམ་བཤད།