ཞིན་ཧྭག་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཟླ་བཅུ་བའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་འགོ་འཛིན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ལྕགས་ལམ་བདེ་འཇགས་ཁོར་ཡུག་བཅོས་སྒྲིག་ལས་དོན་མཉམ་འབྲེལ་ཚོགས་འདུ་ཐེངས་གཉིས་པ་བསྡུས་ཤིང་། ཚོགས་ཐོག་ནས་འབྲེལ་ཡོད་ས་གནས་དང་སྡེ་ཁག་གི་བཅོས་སྒྲིག་ལས་དོན་བྱ་བའི་སྙན་ཞུར་ཉན་པར་མ་ཟད། གནད་དོན་མངོན་གསལ་ཅན་གནས་པར་ཞིབ་འཇུག་ཐག་གཅོད་བྱས་ནས། མ་འོངས་པའི་གཙོ་གནད་ལས་དོན་ལ་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་བསྟན་དོན། ལྕགས་ལམ་གྱི་བདེ་འཇགས་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་བཀོད་སྒྲིག་བླང་བྱ་གལ་ཆེན་ཞིག་ཡིན་ལ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་འབྲེལ་བ་ངེས་ཅན་ཡོད་པར་མ་ཟད། དམ་ཟབ་ཡོད། ས་གནས་དང་སྡེ་ཁག་སོ་སོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་བཙུགས་ནས། ཚེ་སྲོག་བླ་ན་མེད་པ་དང་བདེ་འཇགས་ཨང་དང་པོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་སྔར་ལས་མཐོ་རུ་གཏོང་དགོས། ལྕགས་ལམ་གྱི་བདེ་འཇགས་ཁོར་ཡུག་བཅོས་སྒྲིག་ལས་དོན་གྱི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་ལ་ངོས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས། ལྕགས་ལམ་གྱི་བདེ་འཇགས་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཚགས་བྱེད་དགོས་ཟེར། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
ཁོང་ཡུང་གིས་ཞིང་ཆེན་ཡོངས་ཀྱི་ལྕགས་ལམ་བདེ་འཇགས་ཁོར་ཡུག་བཅོས་སྒྲིག་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུ་ཐེངས་གཉིས་པའི་སྟེང་གཏམ་བཤད།