ཞིང་ཆེན་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གི་རྒྱ་སྐྱེད་གྲོས་ཚོགས་ཐེངས་བཅུ་པ་དང་ཞིང་ཆེན་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་སྐུལ་སྤེལ་གྲོས་ཚོགས་ཐེངས་གསུམ་པ་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་སུམ་ཅུ་ཉིན། ཞིང་ཆེན་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གི་རྒྱ་སྐྱེད་གྲོས་ཚོགས་ཐེངས་བཅུ་པ་དང་ཞིང་ཆེན་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་སྐུལ་སྤེལ་གྲོས་ཚོགས་ཐེངས་གསུམ་པ་ཟི་ལིང་ནས་ཚོགས། ཞིང་ཆེན་གྱི་འགོ་ཁྲིད་ཐིན་ཅ་ཚའེ་དང་ཝང་ཡུས་ཡན། དབྱིན་པད། ཝང་ཀྲིན་ཧྲིན། ཁྲིན་མེན་ཀའོ། མིན་ཡུང་ཧྲན་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཡོངས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྐུལ་སྤེལ་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། རང་ཞིང་གི་སྐུལ་སྤེལ་གྲོས་ཚོགས་ཐེངས་གཉིས་པའི་ཚུན་གྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་གྲུབ་འབྲས་དང་ཉམས་མྱོང་སྤྱི་སྡོམ་བྱས་ལ། གནས་བབ་ལ་དབྱེ་ཞིབ་དང་བརྡར་གཅོད་བྱས་པ་དང་། དུས་རིམ་རྗེས་མའི་བྱ་བ་དང་ནག་འཇོམས་ངན་སེལ་ཡུན་ཕན་རྐྱེན་སྲོལ་འཛུགས་སྐྲུན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་བསྟན་དོན། རང་ཞིང་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བ་གཞིར་བཟུང་ནས། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ་དང་། ཏན་ཏན་ཏིག་ཏིག་གི་བྱ་བར་བརྟེན་ནས་ལོ་གཅིག་ལ་ཡན་ལག་བཅོས་སྐྱོང་བྱེད་པ་དང་ལོ་གཉིས་ནང་རྩ་བ་བཅོས་སྐྱོང་བྱེད་པ། ལོ་གསུམ་ནང་རྩ་བ་ནས་བཅོས་སྐྱོང་བྱེད་པའི་སྤྱིའི་དམིགས་འབེན་མངོན་འགྱུར་བྱེད་དགོས། ལྷག་པར་དུ་ན་ནིང་གི་ཞིང་ཆེན་ཡོངས་ཀྱི་སྐུལ་སྤེལ་གྲོས་ཚོགས་ཐེངས་གཉིས་པའི་ཚུན་དུ། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་གཙང་བཤེར་དྲུག་གི་འགུལ་སྐྱོད་སྤེལ་རྒྱུ་བྱེད་ཐབས་སུ་བྱས་པ་དང་། ཁྲིམས་ལྟར་ལོ་མང་པོར་ནག་ཉེས་བསགས་པའི་ཚོགས་པ་སྐོར་ཞིག་ལ་རྡུང་རྡེག་ནན་མོ་བྱས་ལ། ལོ་མང་པོར་ཐག་གཅོད་མ་ཐུབ་པའི་ཉེས་བཟོ་ཁྲིམས་འགལ་གྱོད་གཞི་སྐོར་ཞིག་བསྒྲུབས་པ་དང་། ནག་ངན་སྟོབས་ཤུགས་དང་འབྲེལ་བའི་རུལ་སུངས་མི་སྣ་སྐོར་ཞིག་རྩད་གཅོད་བྱས་ལ། ལས་རིགས་ཁྱབ་ཁོངས་གཙོ་བོའི་བཅོས་སྐྱོང་ཐད་ཀྱི་དཀའ་གནད་སྐོར་ཞིག་ཐག་བཅད་པས། ཆེད་དོན་འཐབ་རྩོད་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་བླངས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་དེ་གནད་འགག་དུས་རིམ་དུ་སླེབས་པས། གཙང་བཤེར་དྲུག་གི་འགུལ་སྐྱོད་ལ་དམིགས་པ་དང་། རིམ་པ་བཞིན་རེའུ་མིག་ལྟར་རྩིས་ཐོ་ལ་ཞིབ་བཤེར་བྱས་ནས། ལས་རིགས་བཅོས་སྐྱོང་ཐད་ནས་ཕན་འབྲས་ལེན་ཐུབ་པར་ཁག་ཐེག་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།