ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས29ཉིན། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་ཁྱབ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཚོད་ལྟའི་ལག་ལེན་ཉམས་མྱོང་ཕྱོགས་སྡོམ་དང་བརྗེ་རེས་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཚོད་ལྟའི་ལས་དོན་ལ་སྔར་ལས་སྐུལ་འདེད་གཏོང་རྒྱུར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།
ཚོགས་འདུའི་ཐོག་གྲོང་ཁྱེར་ཁྱབ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ནང་དོན་དང་ཁྱད་ཆོས་ལ་གོ་བ་གཏིང་ཟབ་ལེན་དགོས་པ་དང་། གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་ལས་འགན་གཙོ་བོ་ལ་ཡང་དག་སྒོས་རྒྱུས་ལོན་བྱེད་པ། གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་འགན་འཁྲི་དང་བླང་བྱ་བཅས་ལ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་བསྒྱུར་བར་རྒྱལ་ཁབ་དང་ས་གནས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བའི་འགག་རྩར་བརྩིས་ནས་དམ་འཛིན་བྱས་ཏེ། ས་གནས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལ་གསར་གཏོད་ཀྱི་ཉམས་མྱོང་འཚོལ་ཞིབ་བྱ་དགོས། དེ་དང་ཆབས་ཅིག་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་སྤུས་ཚད་དང་རིམ་པ་འཕར་བར་སྐུལ་ཁྲིད་བྱས་ཏེ། འགན་འཁྲི་སྒྲུབ་ཕོད་པ་དང་འཁུར་ཕོད་པ། སྒྲུབ་པར་མཁས་པ་བཅས་ཀྱི་ཁྲོད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། མི་དམངས་མང་ཚོགས་ཀྱི་དགོས་མཁོ་དང་མཐུན་པ། འབྱོར་ཕྱུག་ཤེས་དཔལ་ཞི་མཐུན་དང་མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་པ་དང་འཚམ་པའི་སྤྱི་ཚོགས་བཅོས་སྐྱོང་གི་ཐབས་ལམ་གསར་པ་ཞིག་བཏོད་དགོས། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་ཁྱབ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་པ།