ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས་28ཉིན་མཚོ་སྔོན་ཞིང་ཆེན་ཀྱི་ཆུས་དང་རྫོང་རིམ་པའི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཞིབ་དཔྱོད་ལས་དོན་ས་ཚིགས་ཐོག་མ་སྟེ་ཟི་ལིང་གྲོང་ཁྱེར་མཁར་བྱང་ཆུས་མི་དམངས་ཞིབ་དཔྱོད་ཁང་དུ་བཅའ་སྡོད་བྱས་ཡོད་པའི་མཁར་བྱང་ཆུས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཞིབ་དཔྱོད་ལས་དོན་ས་ཚིགས་མཁར་བྱང་ཆུས་ཀྱི་གསར་གཏོད་ལས་གཏོད་ཐོག་བརྩེགས་ཁང་ཆེན་དུ་སྒོ་བྱང་བཀལ་ནས་བཙུགས་པ་རེད།
བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཞིབ་དཔྱོད་ལས་དོན་ས་ཚིགས་འདི་བཙུགས་པ་ནི་མཁར་བྱང་ཆུས་མི་དམངས་ཞིབ་དཔྱོད་ཁང་དང་ཆུས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་དམངས་གཉེར་ཁེ་ལས་ཀྱི་ཁྲིམས་འཛིན་དགོས་མཁོའི་རེ་ཞུ་ཁ་ཕྱོགས་སུ་བཟུང་སྟེ། རང་འགུལ་ངང་ཕྱོགས་གཉིས་ཀྱི་འགན་ནུས་སོ་སོ་དམངས་གཉེར་དཔལ་འབྱོར་བདེ་བླག་ངང་འཕེལ་རྒྱས་འགྲོ་རྒྱུར་ཞབས་འདེགས་ཞུ་བའི་ཁྲོད་མཉམ་འདྲེས་བྱས་པ་དང་། ཐུན་མོང་ཐོག་“མཛའ་བརྩེ་”དང་“དྭངས་གཙང་”ལྡན་པའི་སྲིད་ཚོང་གི་འབྲེལ་བ་གསར་པ་འཛུགས་པ་དང་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། །
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།
མཚོ་སྔོན་ཞིང་ཆེན་ཀྱི་ཆུས་དང་རྫོང་རིམ་པའི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཞིབ་དཔྱོད་ལས་དོན་ས་ཚིགས་ཐོག་མ་མཁར་བྱང་ཆུས་ནས་བཙུགས་པ།