ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས28ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་ཞིང་ཆེན་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་ལས་དོན་ལ་བརྟག་ཞིབ་གནང་།
ལིས་ཅེ་ཞང་སྔ་རྗེས་སུ་ཞིང་ཆེན་བསྡོམས་རྩིས་ཅུའུ་དང་། ཞིང་ཆེན་གྱི་མི་འབོར་ཡོངས་ཁྱབ་གཞུང་དོན་ཁང་། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་དབྱི་ཚེ་སྲང་ལམ་སྡེ་ཁུལ་ཤར་མ་བཅས་སུ་ཕེབས་ནས་ཞིང་ཆེན་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་ལས་དོན་ཁག་གི་འཕེལ་རིམ་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། སྡེ་ཁུལ་གྱི་ལས་གནས་དང་པོ་ན་ཡོད་པའི་ཡོངས་ཁྱབ་ཞིབ་བཤེར་གྱི“མི་གཉིས”དང་བཞུགས་མོལ་བྱས་ཏེ་ཡུལ་དངོས་ནས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ཁྲོད་གནས་པའི་གནད་དོན་དང་དཀའ་ངལ་སེལ་ཅི་ཐུབ་བྱས།
ལིས་ཅེ་ཞང་གིས་ནན་གྱིས་བསྟན་དོན། ད་སྐབས་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པ་འགག་རྩའི་དུས་མཚམས་སུ་སླེབས་ཡོད། ས་གནས་ཁག་དང་སྡེ་ཚན་ཁག་གིས་རྩ་འཛུགས་ཀྱི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་མཐའ་གཅིག་ཏུ་ལས་ཀའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། སྡེ་ཁག་ཕན་ཚུན་བར་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཧུར་ཐག་སྒོས་ཞན་ཆ་ཁ་གསབ་བྱེད་པ། སྟོབས་ཤུགས་གཅིག་བསྡུས་སྒོས་མི་དང་ཁྱིམ་དུད་སོ་སོར་འབྱེད་པ། ཁྱིམ་དུད་སྟོང་བ་ཡིན་པའི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་བྱེད་པ། བྱེད་ཐབས་ནུས་ལྡན་སྤྱད་ནས་མཐིལ་རྟོགས་ཡང་དག་དང་། གནད་སྨིན་ཇུས་བསྟར། གཅིག་སྡུད་འགག་སྒྲོལ་བྱ་རྒྱུ། ནུས་ཤུགས་ཡོད་རྒུས“མི་འཚོལ་དཀའ་བ་དང་། སྒོ་འཛུལ་དཀའ་བ། ཆ་འཕྲིན་ཐོ་འགོད་དཀའ་བ”སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་ཡོངས་ཁྱབ་ཞིབ་བཤེར་ས་ཁོངས་ཡོངས་སུ་ཁྱབ་པར་འགན་ལེན་བྱ་དགོས། །
རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།
ལིས་ཅེ་ཞང་གིས་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ཐེངས་བདུན་པར་བརྟག་ཞིབ་གནང་བ།