ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། ད་ལོའི་ཧྲང་ཧའེ་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོར་གྱི་ངལ་ནུས་མཉམ་ལས་དང་ཡུལ་གཞན་དུ་གནས་སྤོ་དབུལ་སྐྱོར་བཀོད་སྒྲིག་ཁུལ་གྱི་སྐོར་སྐྱོད་གདན་ཞུ་བྱེད་སྒོ་མཇུག་འགྲིལ། མགོ་ལོག་ཁུལ་གྱི་རྫོང་དྲུག་གི་འབྲོག་པ800ལྷག་མཐའ་མའི་གཟུགས་པོར་བརྟག་དཔྱད་བྱས་རྗེས། སྔོན་དཔག་བྱས་ན་ཟླ11པའི་ཟླ་འགོར་ཧྲང་ཧའེ་དང་། ཁྲེང་ཏུའུ། ཅང་སུའུ་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱི་ཁེ་ལས35རུ་ལས་ཞུགས་ཐུབ་རྒྱུ་རེད།
སྔར་ལས་ལྷག་པར་ཡུལ་གཞན་དུ་གནས་སྤོ་ལས་ཞུགས་ཀྱི་དབུལ་སྐྱོར་རོགས་སྐྱོར་ལས་དོན་ཡག་པོ་སྒྲུབ་ཆེད། ནུས་ཤུགས་ཡོད་རྒུས“བརྟན་པོ་དྲུག”གི་བྱ་བ་བཟང་བོ་བསྒྲུབ་རྒྱུ་དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་ཡག་པོ་བྱས་ནས་མགོ་ལོག་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་ཧྲང་ཧའེ་གྲོང་ཁྱེར་གྱི་ཁེ་ལས་འབྲིང་ཆུང་གི་ལག་རྩལ་ཤེས་ལྡན་མི་སྣ་ནང་འདྲེན་ཞབས་ཞུ་ལྟེ་གནས་དང་ཧྲང་ཧའེ་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་ས་ཁུལ་གྱི་ལས་ཞུགས་ཞབས་ཞུའི་ལས་དོན་ས་ཚིགས་དང་མཉམ་འབྲེལ་བྱས་ཏེ། མགོ་ལོག་ཁུལ་གྱི་ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་བྱ་ཡུལ་ཅུང་ཆེ་བ་བརྒྱད་དང་། “ལས་གནས་སྐྱེལ་བ་དང་ལས་ཞུགས་བརྟན་པོ་བྱས་ནས་དབུལ་སྒྲོལ་ལ་རོགས་རམ་བྱེད་པ”བརྗོད་དོན་གཙོ་བོར་བྱས་པའི་ཧྲང་ཧའེ་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོར་གྱི་ངལ་ནུས་མཉམ་ལས་དང་ཡུལ་གཞན་དུ་གནས་སྤོ་དབུལ་སྐྱོར་བཀོད་སྒྲིག་ཁུལ་གྱི་སྐོར་སྐྱོད་གདན་ཞུ་བྱེད་སྒོ་སྤེལ་བ་རེད། ཧྲང་ཧའེ་ཡི་ཧྭ་རུན་ཏ་ཏུང་གྲུ་གཟིངས་བཟོ་སྐྲུན་ཚད་ཡོད་ཀུང་སི་དང་། ཐུང་ཁྲེང་རླངས་འཁོར་ལྷུ་ལག་ཚད་ཡོད་ཀུང་སི། དེ་མིན་ཀན་སུའུ་དང་ཟི་ལིང་། ཁྲེང་ཏུའུ་སོགས་ཞིང་ཆེན་ཕྱི་ནང་གི་ཁེ་ལས35ཡིས་ཡུལ་དངོས་ནས་ནས་ལས་གནས2000ལྷག་འདོན་སྤྲོད་བྱས་པ་རེད།
ཧྲང་ཧའེ་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་གྱི་ངལ་ནུས་མཉམ་ལས་གདན་ཞུའི་བྱེད་སྒོ་དེ2018ལོ་ནས་ད་རག་བར་ཐེངས་གསུམ་ལ་གཉེར་བ་རེད། ད་ཐེངས་ཀྱི་གདན་ཞུའི་བྱེད་སྒོ་དེ་གཙོ་བོ་སློབ་གྲྭ་ཆེ་འབྲིང་གི་སློབ་ཐོན་སློབ་མ་དང་། ཁྱིམ་ཚང་དབུལ་པོ། ལས་ཞུགས་དཀའ་ངལ་ཡོད་པའི་མི་སྣ་བཅས་ལ་དམིགས་པ་རེད། ད་ཐེངས་ནི་སྐབས་སྔོན་མ་ལས་གཞི་ཁྱོན་ཆེས་ཆེ་ཤོས་དང་ལས་ཞུགས་བྱེད་ཚད་ཆེས་མང་བའི་གདན་ཞུའི་བྱེད་སྒོ་ཞིག་རེད། །
རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།
མགོ་ལོག་གི་འབྲོག་པ800ལྷག་ནང་སར་སོང་ནས་ལས་ཞུགས་ཐུབ་པ་བྱུང་།