མཚོ་སྔོན་ཞིང་ཆེན་གྱིས་དེང་རབས་ཅན་གྱི་ཁོར་ཡུག་བཅོས་སྐྱོང་མ་ལག་གང་མགྱོགས་སྒོས་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཐིན་གྱི་དེང་རབས་ཅན་གྱི་ཁོར་ཡུག་བཅོས་སྐྱོང་མ་ལག་འཛུགས་སྐྱོང་བྱ་རྒྱུའི་སྐོར་གྱི་མཛུབ་སྟོན་བསམ་འཆར》ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་ཨུས་འགོ་ཁྲིད་དང་སྲིད་གཞུང་གིས་གཙོ་ཁྲིད། ཁེ་ལས་ཀྱིས་གཙོ་གཉེར། སྤྱི་ཚོགས་ཀྱིས་རྩ་འཛུགས། སྤྱི་དམངས་ཡོངས་ནང་ཞུགས་བྱེད་པའི་དེང་རབས་ཅན་གྱི་ཁོར་ཡུག་མ་ལག་མགྱོགས་མྱུར་ངང་བསྐྲུན་ཆེད། ཉེ་དུས། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་གཞུང་ལས་ཐིན་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱིས《མཚོ་སྔོན་ཞིང་ཆེན་གྱིས་དེང་རབས་ཅན་གྱི་ཁོར་ཡུག་བཅོས་སྐྱོང་མ་ལག་བསྐྲུན་རྒྱུའི་ལག་བསྟར་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ།)པར་འགྲེམས་བྱས་པ་རེད། 

《བསམ་འཆར》ནང་བསྟན་དོན། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ས་གནས་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་བཅོས་སྐྱོང་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་དམིགས་ཚད་ལས་འགན་ལ་དམིགས་པ་དང་། བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱས་ཏེ། “མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་སྐྱེ་ཁམས་ཡིན་ལ་འགན་འཁྲི་ཆེ་ཤོས་སྐྱེ་ཁམས་ཡིན་ཞིང་། སྦས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན”པའི་ཞིང་ཆེན་གྱི་གནས་བབས་ལ་འབུར་དུ་ཐོན་པ་དང་། ཏང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་སྤྱི་འདོམས་དང་སྲིད་གཞུང་གི་གཙོ་ཁྲིད་ནུས་པ་ཆེ་རུ་གཏོང་རྒྱུ་གནད་འགག ཁེ་ལས་ཀྱི་བྱེད་པོའི་ནུས་པ་ཟབ་ཏུ་གཏོང་རྒྱུ་རྩ་བ། སྤྱི་ཚོགས་ཀྱི་རྩ་འཛུགས་དང་སྤྱི་དམངས་ལ་སྔར་ལས་ལེགས་པར་སྐུལ་སློང་བྱས་ཏེ་ཐུན་མོང་ནང་ཞུགས་བྱེད་རྒྱུ་དེ་འདེགས་སྐྱོར་དུ་བཟུང་ནས་སྲིད་གཞུང་གིས་བཅོས་སྐྱོང་དང་། སྤྱི་ཚོགས་ཀྱིས་སྙོམ་སྒྲིག ཁེ་ལས་ཀྱིས་རང་སྐྱོང་གིས་མཉམ་འགུལ་བཟང་པོ་ཆགས་པ་དང་། སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དང་འབྱུང་རྩ་ནས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ལས་ཀའི་མཉམ་ཤུགས་ཆགས་པར་བྱས་ཏེ“དམིགས་བསལ་གཅིག་དང་མཐོ་བ་གཉིས”ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་རྩ་བའི་ཆ་ནས་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། སྐྱེ་ཁམས་དཔལ་ཡོན་དང་མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་པ་བསྐྲུན་པར་ལམ་ལུགས་ཀྱི་འགན་ལེན་ནུས་ལྡན་བྱེད་དགོས། 

《བསམ་འཆར》ནང་གསལ་བོར་བསྟན་དོན། འགོ་ཁྲིད་ཀྱི་འགན་འཁྲིའི་མ་ལག་འཐུས་ཚང་དུ་གཏོང་བར་ཞིང་ཆེན་གྱིས་སྤྱི་འགན་འཁུར་བ་དང་། གྲོང་ཁྱེར(ཁུལ)དང་རྫོང་གིས་དོན་འཁྱོལ་ནན་འཛིན་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྡེ་ཁག་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་ནོར་སྲིད་གཏོང་སྒོའི་འགན་འཁྲི་ཁ་གསལ་བཟོ་བ། དམིགས་ཚད་གདེང་འཇོག་དཔྱད་ཞིབ་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། ཁེ་ལས་ཀྱི་འགན་འཁྲིའི་མ་ལག་འཐུས་ཚང་དུ་གཏོང་བར་བཙོག་འབུད་ཆོག་འཐུས་དོ་དམ་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་ཐོན་སྐྱེད་ཞབས་ཞུ་ལྗང་མདོག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་ཁེ་ལས་ཀྱི་བཙོག་བཅོས་ཆུ་ཚད་མཐོ་རུ་གཏོང་བ། ཁོར་ཡུག་བཅོས་སྐྱོང་ཆ་འཕྲིན་ཡོངས་བསྒྲགས་བཅས་བྱེད་དགོས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།