མཚོ་ཤར་ཁུལ་གྱིས་ལོ་ལྔའི་ནང་དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ1459.7བསྐྲུན་པ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ10བའི་ཚེས27ཉིན།  གསར་འགོད་པས་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་འགྲིམ་འགྲུལ་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན།  “ལོ་ལྔ་ཚན་བཅུ་གསུམ་པའི”སྐབས་སུ་ཧུའུ་ཀྲུའུ་རྫོང་གིས་དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ1459.7དང་།  ཟམ་པ59།  ཕུག་ལམ316བཅས་བསྐྲུན་ཅིང་།  མ་དངུལ་སྒོར་དུང་ཕྱུར4.85བཏང་བ་རེད།  རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ19དང་སྲིད་འཛིན་གྲོང་ཚོ294ལ་གཞུང་ལམ་ཤར་གཏོང་ཐུབ་པ་དང་ཚང་མ་ཨར་འདམ་གྱི་གཞུང་ལམ་ཡིན་པ་མ་ཟད།  རྫོང་ཡོངས་ཀྱི་ཤིན་ཏུ་དབུལ་བའི་གྲོང་ཚོ118ཀྱི་བགྲོད་ལམ་གྱི་རྨང་གཞིའི་སྒྲིག་བཀོད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཡོད།

གནད་སྨིན་དབུལ་སྐྱོར་དང་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་དབུལ་སྐྱོར་དངུལ་བུན་ཐེབས་རྩའི་རྣམ་གྲངས་བརྒྱུད་དེ།  མ་དངུལ་སྒོར་དུང་ཕྱུར2.7བཏང་ནས་དབུལ་ཕོངས་ས་ཁུལ་དུ་སྤྱི་ལེ533.8ཀྱི་ཐོན་ཁུངས་ལམ་དང་།  ཡུལ་སྐོར་ལམ།  ཐོན་ལས་ལམ་བཅས་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་པ་དང་།  ཕིང་ཨན་དང་ཧུའུ་ཀྲུའུ།  ཏ་ཐུང་།  ཀྲ་ཉན་གཞུང་ལམ་སོགས་རིམ་པ་གཉིས་པའི་གཞུང་ལམ་སྔ་རྗེས་སུ་བསྐྲུན་པ་དང་། ཏུང་ཡོན་དང་།  ཧྭ་ལིན།  ཁ་ཙི་ཀུ།  ཧྥེང་ཐའེ་ཀུ་སོགས་ཕུག་ལམ4བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པས།  ཧུའུ་ཀྲུའུ་རྫོང་དུ་ཕུག་ལམ་མེད་པའི་ལོ་རྒྱུས་མཇུག་རྫོགས་པ་རེད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།