འདི་ནི་པེ་ཅིན་གྲོང་ཁྱེར་གྱིས་རོོགས་སྐྱོར་བྱས་ཏེ་འཛུགས་སྐྲུན་བྱས་པའི་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་མི་དམངས་སྨན་ཁང་ཡིན།
འདི་ནི་ཅང་སུའུ་ཡིས་རོགས་སྐྱོར་འཛུགས་སྐྲུན་བྱས་པའི་ཞིན་ཧའེ་རྫོང་ཨ་མདོ་དམངས་སྲོལ་སྡེ་བ་ཡིན།
འདི་ནི་ཀྲེ་ཅང་གིས་རོགས་སྐྱོར་འཛུགས་སྐྲུན་བྱས་པའི་གཏེར་ལེན་ཁ་གྲོང་ཁྱེར་གྱི་ཐོན་ལས་གླིང་ཡིན།
འདི་ནི་ཐེན་ཅིན་གྲོང་ཁྱེར་གྱིས་རོགས་སྐྱོར་འཛུགས་སྐྲུན་བྱས་པའི་ཐུན་རིན་གྲོང་ཁྱེར་ཐོ་རྒྱ་གྲོང་རྡལ་གྱི་སྔོ་ཚལ་འདེབས་འཛུགས་རྟེན་གཞི་ཡིན།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྐོར་དང་པོའི་མཚོ་སྔོན་དུ་རོགས་སྐྱོར་བྱེད་པར་ཡོང་བའི་ལས་བྱེད་པ་དག་ལེ་དབར་སྟོང་ཕྲག་བརྒྱུད་དེ་གངས་ལྗོངས་མཐོ་སྒང་དུ་སླེབས་ནས་བློ་ནུས་གང་ཡོད་འདོན་པ་དང་ནུས་ཤུགས་གང་ཡོད་འདོན་པ། འགན་འཁྲི་གང་ཡོད་འདོན་པ་བཅས་བྱས་ཏེ། མཚོ་སྔོན་གྱི་མི་རིགས་སོ་སོའི་བུ་ཕྲུག་དང་ལག་གདང་སྦྲེལ་ནས་ཤར་ནུབ་རྒྱུད་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཆར་གཞི་བཟོས་པ་དང་། མཚོ་སྔོན་དུ་རོགས་སྐྱོར་བྱེད་པའི་དབུལ་སྐྱོར་རྣམ་གྲངས་ཁག་གཅིག་རྗེས་གཉིས་མཐུད་ངང་མཚོ་སྔོན་དུ་དོན་འཁྱོལ་བྱས་ཏེ། ནུས་ཤུགས་ཡོད་རྒུས་མཚོ་སྔོན་གྱི་དབུལ་སྐྱོར་རིམ་སྤོར་ལ་སྐུལ་འདེད་བཏང་ལ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། དམངས་འཚོ་བསྒྱུར་བཅོས། དབུལ་ཐར་འགག་སྒྲོལ། སྐྱེ་ཁམས་འཛུགས་སྐྱོང་སོགས་ཁྱབ་ཁོངས་མང་པོར་རྫོགས་མཐའ་མེད་པའི་བློ་གྲོས་དང་སྟོབས་ཤུགས་ཕུལ་བ་རེད། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
སྤུན་ཟླས་མཚོ་སྔོན་དུ་རོགས་སྐྱོར་བྱས་པ་ནམ་ཡང་བརྗེད་མི་སྲིད།