མཚོ་སྔོན་ཞིང་ཆེན་གྱི་འཁྱགས་གྲང་ཁུལ་གྱི་སྐྱེ་ཁམས་རིག་པའི་གཙོ་གནད་ཚོད་ལྟ་ཁང་སླར་གསོའི་རྣམ་གྲངས་ལ་ཕན་འབྲས་མངོན་གསལ་ཐོན་པ།​

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་གྱིས་ཆེད་ལས་མཁས་པ་སྒྲིག་འཛུགས་བྱས་ཤིང་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡིས་སྒྲུབ་འགན་འཁུར་བའི“མཚོ་སྔོན་ཞིང་ཆེན་གྱི་འཁྱགས་གྲང་ཁུལ་གྱི་སྐྱེ་ཁམས་རིག་པའི་གཙོ་གནད་ཚོད་ལྟ་ཁང(2017-ZJ-Y20)”གི་རྣམ་གྲངས་ལ་ཞིབ་བཤེར་རྩིས་ལེན་བྱས་པ་དང་ཞིབ་བཤེར་རྩིས་ལེན་བྱས་འབྲས་ལས་མངོན་པ་ལྟར་ན། འཁྱགས་གྲང་ཁུལ་གྱི་སྣོད་བཅུད་སླར་གསོའི་གཙོ་གནད་རྣམ་གྲངས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་རེད།

ཚོད་ལྟ་ཁང་གིས་ཟབ་ཞུགས་བྱས་ཏེ་ལེགས་སྒྲུབ་བྱས་པའི་མཐོ་གྲང་རྩྭ་ཐང་གི་བདེ་ཐང་གྲངས་ཚད་ལ་གདེང་འཇོག་དང་ཐོན་སྐྱེད-སྐྱེ་ཁམས་ནུས་པ་མཐོར་གཏོང་ལག་རྩལ་འདུས་གྲུབ་དང་དཔེ་སྟོན(2017-KJB-1-2-D02)ལ་མཚོ་སྔོན་ཞིང་ཆེན་གྱི2017ལོའི་ལོ་འཁོར་གྱི་ཚན་རིག་ལག་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་དང་པོ་ཐོབ་པ་རེད། གྲུབ་འབྲས་འདི་ནི་མཐོ་གྲང་རྩྭ་ཐང་གི་བདེ་ཐང་གྲངས་ཚད་ལ་གདེང་འཇོག་དང་ཐོན་སྐྱེད—སྣོད་བཅུད་ནུས་པ་མཐོར་གཏོང་གི་ཚན་རིག་གི་གནད་དོན་དང་ལག་རྩལ་གྱི་དགོས་མཁོར་དམིགས་ནས། མཐོ་གྲང་སྤང་ལྗོངས་དང་མཐོ་གྲང་རྩྭ་ཐང་ཞིབ་འཇུག་བྱ་ཡུལ་དུ་བྱས་ནས་ཚན་རིག་ཞིབ་འཇུག་དང་དཔེ་སྟོན། ཁྱབ་གདལ་བཅས་གཙོ་གནད་དུ་བཟུང་སྟེ་ཚོད་ལྟ་བྱེད་ས་དང་། དཔེ་སྟོན་ས་ཁུལ། ས་ཁོངས་བཅས་རིམ་པ་གསུམ་གྱི་སྟེང་ནས་ཞིབ་འཇུག་བྱས་པས། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་ལ་སྐུལ་འདེད་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ལས་གྲྭའི་རྣམ་གྲངས་གལ་ཆེན་ནང་མཉམ་འདྲེས་ཐུབ་པར་ལག་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།